ཚེ་རིང་རྒྱ་མཚོས་བསྒྱུར། ཀྲུང་གོ་བོད་ཀྱི་དྲ་བ། 2012-11-26
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཡུན་ནན་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་བྱ་བའི་ཆེད་དོན་སྙན་ཞུའི་གྲོས་ཚོགས་སྟེང་རྒྱུས་ལོན་པ་ལྟར་ན། ད་ལོར་ཀྲུང་དབྱང་དང་ཡུན་ནན་ཞིང་ཆེན་སྲིད་གཞུང་གིས་བདེ་ཆེན་ཁུལ་གྱི་ཞིང་སྡེའི་དུད་ཁྱིམ7200ཡི་ཁང་རྙིང་ལེགས་བཅོས་བཟོ་འགོད་དམིགས་འབེན་ལས་འགན་ལེགས་བཅོས་བྱེད་དགོས་པའི་བླང་བྱ་བཏོན་པར། ཟླ10བའི་ཚེས30ཉིན་བར་དུ། བདེ་ཆེན་ཁུལ་གྱི་བཟོ་འགོད་ཡོངས་རྫོགས་དངོས་སུ་ལས་འགོ་བརྩམས།
ཤེས་གསལ་བྱུང་བ་ལྟར་ན། ཡུན་ནན་ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིན་གྱིས་དམིགས་འབེན་ལས་འགན་བཏོན་རྗེས། བདེ་ཆེན་ཁུལ་གྱིས་མཐོང་ཆེན་བྱས་པ་དང་དུས་ཐོག་ཏུ་བཀོད་སྒྲིག་བྱས་ཏེ། རྣམ་གྲངས་ལག་བསྟར་བྱེད་པའི་ཇུས་གཞི་གཏན་འབབས་བྱས་པ་མ་ཟད། འགོ་ཁྲིད་ཚན་ཆུང་བཙུགས་ནས་བཟོ་འགོད་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱས།
ཁང་རྙིང་ལེགས་བཅོས་བྱེད་པའི་སྲིད་ཇུས་དྲིལ་སྒྲོག་ཐད་ཤུགས་བསྣོན་པ་དང་། ཤང་དང་གྲོང་རྡལ་སོ་སོ། སྲིད་གཞུང་གིས་ཤང་དང་སྡེ་བའི་ལས་བྱེད་གྲོས་ཚོགས་དང་། སྡེ་མིའི་འཐུས་མི་ཚོགས་འདུ། མང་ཚོགས་ཚོགས་འདུ། སྡེ་བ་སོ་སོ་རུ་ལས་བྱེད་མི་སྣ་མངགས་པ་སོགས་བྱེད་ཐབས་སྤྱད་དེ་ཞིང་སྡེའི་ཁང་རྙིང་ལེགས་བཅོས་སྲིད་ཇུས་དྲིལ་བསྒྲགས་ལ་ཤུགས་བསྣན་པ་དང་། རྒྱ་ཆེའི་མང་ཚོགས་རྣམས་རང་འགུལ་གྱིས་ཁང་རྙིང་ལེགས་བཅོས་བྱ་བར་ཞུགས་སུ་བཅུག་པ་མ་ཟད། དུད་ཁྱིམ་སོ་སོའི་དངོས་ཡོད་ཀྱི་དཀའ་ཁག་སེལ་རོགས་བྱས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10