བདེ་ཆེན་ཁུལ་གྱིས་མེ་གསོད་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་བ།
སེམས་ཀྱི་ཉི་ཟླའི་དྲ་བ། 2014-11-14
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས་9ཉིན་གྱི་སྔ་དྲོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་“119”མེ་གསོད་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་བསྡུ་འགོ་ཚུགས་པའི་མཛད་སྒོ་དེ་དཀྱིལ་འཁོར་ཐང་ཆེན་དུ་བསྡུས།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་ཨུའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་མ་ཝུན་ལུང་འགོ་ཚུགས་མཛད་སྒོར་ཞུགས་ཤིང་གསུང་བཤད་གནང་བ།ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཕུའུ་ལུའུ་ཧྭ་ཡིས་《བདེ་ཆེན་ཁུལ་མེ་གསོད་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་བདེ་ཆེན་ཁུལ་“119”མེ་གསོད་བྱ་དགའ་ཐོབ་པའི་སྔོན་ཐོན་ཚོགས་སྤྱི་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་བརྡ་ཐོ》ཀློག་པ་རེད།
མུ་ཝུན་ལུང་གིས་དུས་ཡུན་རིང་པོའི་ཚུན་ལ།ཁུལ་ཡོངས་ཀྱི་མེ་གསོད་དམག་དཔུང་གིས་ལྷན་སྤྱིའི་འཛུགས་སྐྱོང་དང་དམག་དཔུང་ཁྲིད་རྒྱུར་དམ་འཛིན་བྱས་ནས་ནུས་ལྡན་གྱིས་དམག་དཔུང་ལ་དོ་དམ་སློབ་གསོ་བྱེད་ཤུགས་ཆེ་རུ་བཏང་སྟེ།དེང་རབས་ཅན་གྱི་མེ་གསོད་དཔུང་ཁག་འཛུགས་སྐྱོང་བྱེད་པ་དང་མེ་གསོད་བདེ་འཇགས་དོ་དམ་གསར་སྐྲུན་བྱེད་པ།མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་སྒྲིག་བཅོས་ཡག་པོ་བྱེད་པ།སྤྱི་ཚོགས་ཀྱི་མེ་གསོད་འགོག་སྡོམ་དང་མེ་གསོད་འཚུབ་བསྟུན་སྐྱོབ་རོགས་ཀྱི་དངོས་འཐབ་ནུས་ཤུགས་མཐོ་རུ་གཏོང་བ།དམག་དཔུང་གི་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ།ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་།བོད་ཁུལ་གྱི་འཆམ་མཐུན་དང་བརྟན་ལྷིང་ལ་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་ཡོད་ཅེས་བསྟན།
་ཝུན་ལུང་གིས་མེ་གསོད་བདེ་འཇགས་ལས་ཀ་ནི་ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་འབྲེལ་བ་ཡོད་ལ།མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་ལ་འབྲེལ་བ་ཡོད་དེ་ལྷོད་གཡེང་དང་སྒྱིད་ལུག་སྤུ་ཙམ་བྱེད་རྒྱུ་མེད་ཅེས་བསྟན།ཁོང་གིས་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཁག་སོ་སོ་དང་།སྤྱི་ཚོགས་ལས་རིགས་ཁག་གིས་རྡོ་མཁར་རྫོང་གི་“1.11”མེ་སྐྱོན་གྱི་བསླབ་བྱ་བསྡུ་ལེན་བྱས་ཏེ།ཁྱོན་ཡོངས་ནས་མེ་གསོད་ལས་ཀར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་ཞིང་།མེ་སྐྱོན་འགོག་བཅོས་དང་མེ་སྐྱོན་ཉུང་དུ་གཏོང་བར་འབད་བརྩོན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
མ་ཝུན་ལུང་གིས་མེ་གསོད་བདེ་འཇགས་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན་ཞིང་།ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་བདག་པོའི་རྣམ་འགྱུར་ཁྱེར་ནས་རང་རྟོགས་ཀྱིས་མེ་གསོད་ལ་ཞུགས་པ་དང་མེ་གསོད་ལ་དོ་སྣང་དང་དྲིལ་བསྒྲགས།རྒྱབ་སྐྱོར་བཅས་བྱས་ཏེ།ཞི་བདེ་དང་འཆམ་མཐུན་གྱི་བདེ་ཆེན་འཛུགས་པར་བྱས་རྗེས་ཆེན་མོ་འཇོག་རྒྱུ་ཡིན་ཞེས་བསྟན།
འགོ་ཚུགས་མཛད་སྒོའི་ཐོག་ད་དུང་མེ་གསོད་ཉམས་ཞིབ་བྱེད་སྒོ་བསྡུ་བ་དང་མེ་གསོད་བདེ་འཇགས་ཤེས་བྱའི་དྲིལ་བསྒྲགས་དཔྱད་ཡིག་འགྲེམས་པ་རེད།
མེ་གསོད་བདེ་འཇགས་སྡེ་ཁག་གཙོ་བོ་དང་།དང་བླངས་པའི་མེ་གསོད་རུ་ཁག་གི་འཐུས་མི།སློབ་མ་དང་དང་བླངས་པ་དང་མང་ཚོགས་སོགས་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།ད་ལོའི་མེ་གསོད་དྲིལ་བསྒྲགས་ཟླ་བའི་བརྗོད་བྱ་གཙོ་བོ་ནི་“མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་འཚོལ་བ་དང་ཁྱིམ་ཚང་གི་བདེ་ཐང་ལ་ཁག་ཐེག་བྱེད་པ”ཞེས་པ་དེ་ཡིན། །