འབའ་ལུང་རྫོང་གིས་ཞིང་ལས་ཚན་རྩལ་ཕྱོགས་ནས་གསོ་སྦྱོང་བྱས་པ།
ཀྲུང་གོ་བོད་ཀྱི་དྲ་བ། 2014-10-22
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས17ཉིན།ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཚན་རྩལ་ཅུའུ་དང་འབའ་ལུང་རྫོང་ཞིང་ལས་ཚན་རྩལ་ཅུའུ་གཉིས་ཀྱིས་འབའ་ལུང་རྫོང་ཕེན་ཐེན་ཀུག་ཤང་ཞིན་ལུག་སྡེ་བ་རུ2014ལོའི་ཞིང་ལས་ཚན་རྩལ་གསོ་སྦྱོང་འཛིན་གྲྭ་བཙུགས་པ་དང་།ཞིན་ལུག་སྡེ་བའི་གསོ་སྤེལ་དང་འདེབས་འཛུགས་དུད་ཁྱིམ་དང་ཞིང་བ་བཅས་མི90ལྷག་ཐེངས་འདིའི་གསོ་སྦྱོང་ལ་ཞུགས།
ཞིན་ལུག་སྡེ་བ་རུ་གསོ་སྦྱོང་བྱེད་པའི་གོ་རིམ་ཁྲོད།ཞིང་ལས་ཚན་རྩལ་ཕྱོགས་ཀྱི་ཆེད་མཁས་དགེ་རྒན་ལོས་ཀྱིས་ཕག་གསོ་ཕྱོགས་ཀྱི་ལག་རྩལ་གལ་ཆེན་དང་ནད་ཡུམས་སྔོན་འགོག་ལག་རྩལ་བཅས་ཕྱུགས་ལས་ཐོན་རྫས་བདེ་འཇགས་དོ་དམ་ཕྱོགས་ཀྱི་ལག་རྩལ་སོགས་ཁྱོན་ཡོངས་ནས་འགྲེལ་བཤད་བྱས་པ་མ་ཟད།ཞིང་བའི་ཕག་གསོ་ལག་ལེན་ཁྲོད་གནས་པའི་གནད་དོན་ཐད་ནས་འགྲེལ་བཤད་བྱས།
ཤེས་གསལ་བྱུང་བ་ལྟར་ན། 2014ལོའི་ཞིང་ལས་ཚན་རྩལ་ཕྱོགས་ཀྱི་གསོ་སྦྱོང་ལེགས་པོ་སྒྲུབ་ཆེད། བདེ་ཆེན་ཁུལ་ཚན་རྩལ་ཅུའུ་དང་འབའ་ལུང་རྫོང་ཞིང་ལས་ཚན་རྩལ་ཅུའུ་ཡིས་ཞིང་ལས་ཚན་རྩལ་ཆེད་མཁས5རྩ་འཛུགས་བྱས་ཏེ།ཀྲུང་ལུགས་རྩྭ་སྨན་འདེབས་འཛུགས་དང་དྲོད་ཁང་ནང་གི་སྔོ་ཚོད་འདེབས་འཛུགས་ལག་རྩལ་བཅས་ནས་གསོ་སྦྱོང་བྱས།ཐེངས་འདིའི་གསོ་སྦྱོང་སྔ་གཞུག་ཏུ་འབའ་ལུང་རྫོང་གི་ཤང་བདུན་དང་གྲོང་རྡལ་གསུམ་དུ་སྤེལ་རྒྱུ་ཡིན་ལ། ཚེས16ཉིན་ནས་བཟུང་དུས་ཡུན་ཉིན་དྲུག་རིང་ལ་གསོ་སྦྱོང་བྱས་པ་དང་སྔོན་དཔག་ལྟར་ན་མི་ཐེངས1100ལྷག་ཐེངས་འདིའི་གསོ་སྦྱོང་སྟེང་ཞུགས་རྒྱུ་རེད།