ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དཔལ་འབྱོར་གསར་སྤེལ་ཁུལ་ཆ་ཚང་སློབ་གྲྭའི་དགེ་རྒན་གྱིས་སྨྱན་མང་གཟིགས་ལ་བརྟེན་ནས་སློབ་མ་ཚོར་རོལ་མོ་སློབ་ཁྲིད་བྱེད་བཞིན་ཡོད་པ་དང་། བདེ་ཆེན་ཁུལ་དུ་སློབ་གྲྭ་གཅིག་བསྡུས་བྱས་པ་ནས་བཟུང་། དཔལ་འབྱོར་གསར་སྤེལ་ཁུལ་ཆ་ཚང་སློབ་གྲྭས་རྒྱུན་ཆད་མེད་པར་སློབ་ཁྲིད་ཀྱི་མཉེན་ཆས་སྒྲིག་ཆས་ལེགས་བཅོས་བྱས་ཤིང་། སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཚང་མས་སྨྱན་མང་གཟིགས་ལ་བརྟེན་ནས་སློབ་སྦྱོང་བྱེད་ཐུབ་པར་མངོན་འགྱུར་བྱུང་བ་དང་། སློབ་ཁྲིད་ཀྱི་རྒྱུ་སྤོས་མཐོར་འདེགས་བྱུང་། སྨྱན་མང་གཟིགས་ལ་བརྟེན་ནས་སློབ་ཁྲིད་བྱེད་འགོ་བརྩམས་པ་ནས་བཟུང་། སློབ་མ་ཚོའི་སློབ་སྦྱོང་གི་སྤྲོ་སྣང་སྔར་ལས་ཇེ་ཆེར་སོང་ཞིང་། གྲུབ་འབྲས་ལེགས་པོ་ཐོབ། མིག་སྔར། སློབ་གྲྭ་འདིའི་སློབ་ཁང18དུ་སྨྱན་མང་གཟིགས་ཀྱི་སློབ་ཁྲིད་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད་པ་རེད། །