ཚེ་རིང་རྒྱ་མཚོས་བསྒྱུར། 2012-04-13
ད་ལོ་ནི་སེམས་ཀྱི་ཉི་ཟླ་རྫོང་གི་རྫོང་མིང་བསྒྱུར་ནས་ལོ་ངོ10འཁོར་བའི་དུས་ཆེན་ཡིན་པ་དང་། དུས་མཚུངས་སུ་རྒྱལ་ཡོངས་ཀྱི“ དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམག་གཅེས”མིག་དཔེ་རྫོང་གི་མཚན་སྙན་ཐོབ། ཐེངས་འདིའི་བྱ་འགུལ་སྤེལ་བའི་རྩ་དོན་ནི་ཚན་རིག་ལྟར་འཕེལ་རྒྱས་འབྱུང་བ་མངོན་འགྱུར་བྱེད་པ་དང་། མི་རིགས་རིག་གནས་དར་སྤེལ་བྱེད་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམ་སྟོན་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཡར་སྐུལ་བྱེད་པ་སོགས་སེམས་ཀྱི་ཉི་ཟླ་རྫོང་གི་མིང་རྟགས་མཐོར་འདེགས་བྱས་ཏེ། རྒྱལ་ཡོངས་བོད་ཁུལ་གྱི་རྫོང་ཆེན་དང་པོ་རུ་འཛུགས་སྐྲུན་བྱེད་རྒྱུ་དེ་ཡིན། བྱ་འགུལ་གྱི་ནང་དོན་ཐད་གཞི་རྒྱ་ཆེ་བའི་དགའ་སྟོན་རྟེན་འབྲེལ་ཚོགས་ཆེན་དང་། སྲོལ་རྒྱུན་གྱི་རྟ་རྒྱུག་འགྲན་བསྡུར། ཚོང་འགུག་དངུལ་འདྲེན་ཁྱབ་སྤེལ་ཚོགས་འདུ། གྲུབ་འབྲས་འགྲེམ་སྟོན། བོད་ཁུལ་གྱི་གླུ་བས་རིག་རྩལ་་དགོང་ཚོགས་སོགས་རིམ་པ་ལྔ་ལས་གྲུབ། མིག་སྔར། གཞི་རྒྱ་ཆེ་བའི་དགའ་སྟོན་རྟེན་འབྲེལ་བྱ་འགུལ་ཚན་ཆུང་དང་། རྟ་རྒྱུག་འགྲན་བསྡུར་ཚན་ཆུང་། ཚོང་འགུག་དངུལ་འདྲེན་ཁྱབ་སྤེལ་ཚན་ཆུང་། གྲུབ་འབྲས་འགྲེམ་སྟོན་ཚན་ཆུང་། བོད་ཁུལ་གླུ་བས་དགོང་ཚོགས་ཚུན་ཆུང་སོགས་ཚན་ཆུང་བཅུ་གཉིས་ཀྱིས་གྲོང་ཁྱེར་རྣམ་པ་ལེགས་བཅོས་དང་། ཁེ་ལས་ཆུང་འབྲིང་ལ་འབྲེལ་འདྲིས་བྱེད་པ། གླུ་བ་འབྲེལ་གཏུག་བྱེད་པའི་བྱ་བ་སྒྲུབ་བཞིན་པའི་སྒང་ཡིན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10