བདེ་ཆེན་ཁུལ་གྱིས་སློབ་གྲྭ་ཆུང་འབྲིང་བཙུགས་ནས་བོད་ཁུལ་གྱི་སློབ་མ5000ཉེ་བར་ཕན་བཏགས་པ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2012-03-15

བདེ་ཆེན་ཁུལ་གྱིས་བྱེད་ཐབས་གང་མང་སྤྱད་ནས་བཅའ་སྡོད་སློབ་གྲྭ་འཛུགས་སྐྲུན་དང་སློབ་གྲྭ་ཆུང་འབྲིང་གི་སྔར་ཡོད་ཆགས་ཚུལ་ལེགས་བཅོས་བྱས་ཤིང་། ལོ་ལྔའི་སྔོན་དང་བསྡུར་ན་སློབ་གྲྭ་ཆུང་འབྲིང་ཇེ་ཉུང་དུ་བཏང་ནས་གསར་བསྐྲུན་བྱས་པའི་སློབ་གྲྭའི་མལ་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་འབུམ5ལྷག་ཡོད་པ་དང་། སློབ་ཆུང་སློབ་མ5000ལ་ཉེ་བས་སློབ་གྲྭ་འདེམ་པའི་འགྲོ་གྲོན་སྒོར་གཅིག་ཀྱང་གཏོང་མི་དགོས་པར་ཞང་གྲོང་གི་ལྟེ་གནས་སློབ་ཆུང་དུ་སློབ་གྲྭར་འགྲིམ་ཐུབ་པ་རེད།
  སློབ་སྒྲུབ་ཀྱི་བྱེད་ཕྱོགས་གསར་བ་ལྟར་བདེ་ཆེན་ཁུལ་གྱིས་མཐོ་རིམ་ལས་རིགས་སློབ་གྲྭ1དང་། མི་རིགས་ཆེད་ཚན་སློབ་གྲྭ1། མཐོ་འབྲིང་དཀྱུས་མ3། དམའ་འབྲིང7། ཆ་ཚང་སློབ་ཆུང37། ལོ་དགུའི་ལམ་ལུགས་ཀྱི་དམིགས་བསལ་སློབ་གྲྭ1བཅས་བསྒྲིགས་པར་མ་ཟད། དོ་དམ་ལམ་ལུགས་ཀྱི་སྟེང“སློབ་ཁུལ་དོ་དམ”གྱི་རྣམ་པ་འཚོལ་ཞིབ་བྱས་ཏེ་སློབ་མ་རྣམས་ཉེ་སར་སློབ་གྲྭ་འགྲིམ་ཐུབ་པར་བྱས་པ་རེད།
  2011ལོའི་ཟླ9བར་བདེ་ཆེན་ཁུལ་ཐད་གཏོགས་སློབ་གྲྭའི་སློབ་ཁུལ་གསར་བའི་རིམ་པ་དང་པོའི་བཟོ་གྲྭ་ལེགས་འགྲུབ་བྱུང་ནས་བཀོལ་སྤྱོད་བྱེད་བཞིན་ཡོད་པ་རེད། ཁུལ་བོད་ཡིག་སློབ་གྲྭ་དང་ཁུལ་མི་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭ་གཉིས་གནས་སྤོར་བ་དང་། ཡུན་ནན་མི་རིགས་སློབ་ཆེན་སེམས་ཀྱི་ཉི་ཟླའི་ལས་རིགས་ལག་རྩལ་སློབ་གླིང་བཙུགས་ཏེ་སློབ་མ་བསྡུས་ནས་སློབ་ཁྲིད་བྱེད་བཞིན་ཡོད་པ་རེད།
  • ལེ་ཚན་སྔོན་མ།:ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་རྒན་པའི་འཚོ་བའི་ཁ་གསབ་རོགས་དངུལ
  • ལེ་ཚན་རྗེས་མ།:བོད་ལུགས་ཀྱི་སློབ་གྲྭ་གསར་པ།
  • དོ་སྣང་ཆེ་བའི་རྩོམ།