ལྕགས་བྷོ། ཀྲུང་གོ་བོད་ཀྱི་དྲ་བ། 2012-03-12
ཉེ་སྔོན། གསར་འགོད་པས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་དམངས་སྲིད་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྫོང་འདིས་ལོ་ན་བརྒྱ་ཡན་ལ་སོན་པའི་རྒན་པ་ཚོར་ཟླ་རེར་སྒོར་ཉིས་བརྒྱ་ཡི་ཁ་གསབ་རོགས་དངུལ་སྟེར་རྒྱུ་ཡིན་ཟེར།ད་ལོར། སེམས་ཀྱི་ཉི་ཟླ་རྫོང་གིས་རྒན་པའི་འཚོ་བའི་ཁ་གསབ་ཀྱི་ཚད་གཞི་ཇེ་མཐོར་གཏོང་རྒྱུ་རེད། ལོ་ན་བརྒྱད་ཅུ་ནས་ལོ་ན་གྱ་དགུ་བར་གྱི་རྒན་པ་ཚོར་ཟླ་རེར་ལུས་ཕུང་བདེ་ཐང་གི་ཁ་གསབ་རོགས་དངུལ་སྒོར་སུམ་ཅུ་དང་། ལོ་ན་དགུ་བཅུ་ནས་ལོ་ན་གོ་དགུ་ལ་སོན་པའི་རྒན་པ་ཚོར་ཟླ་རེར་ལུས་ཕུང་བདེ་ཐང་གི་ཁ་གསབ་རོགས་དངུལ་སྒོར་ལྔ་བཅུ། ལོ་ན་བརྒྱ་ཡན་ལ་སོན་པའི་རྒན་པ་ཚོར་ཟླ་རེར་ཁ་གསབ་རོགས་དངུལ་སྒོར་ཉིས་བརྒྱ་རེ་སྟེར་རྒྱུ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10