ན་ནིང་ཟླ4བའི་ཚེས1ཉིན་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་མཁར་གྲོང་ལས་བཟོ་བའི་སྨན་བཅོས་ཉེན་བཅོལ་བྱང་བུ་ས་ཆ་གཞན་ནས་བཀོལ་པའི་དཔེ་སྟོན་བྱ་བ་སྤེལ་འགོ་བརྩམས་པ་ནས་བཟུང་། བདེ་ཆེན་ཁུལ་དང་ཁོན་མིན། ཁྲའོ་ཞོན། ཆུའུ་ཅིན། ཧོང་ཧུ། ཝུན་ཧྲན། ཡས་ཞུའུ། པའོ་ཧྲན། ཏའེ་ཧོན། ཀྲའོ་ཐོན། ལིན་ཚང་། ཕུ་ཨར། ཏ་ལེ། ཞི་ཧྲོན་པན་ན། ནའོ་ཅང་སོགས་ཁུལ་དང་གྲོང་ཁྱེར15རུ་དྲ་རྒྱའི་རྩིས་སྤྲོད་སྟེགས་བུ་སྐྲུན་པ་དང་། ད་ལོར་བདེ་ཆེན་ཁུལ་གྱི་སྨན་བཅོས་ཉེན་བཅོལ་ནང་ཞུགས་པའི་མི་ཐེངས་ཁྲི13849ཡིས་ས་ཆ་གཞན་ནས་སྨན་བཅོས་ཉེན་བཅོལ་བྱང་བུ་བཀོལ་ནས་སྨན་བཅོས་བྱས་པ་རེད།
ཟླ11པའི་ཚེས30ཉིན་བར་བདེ་ཆེན་ཁུལ་གྱི་སྨན་བཅོས་ཉེན་བཅོལ་ནང་ཞུགས་ཡོད་པའི་མི་སྣས་ས་ཆ་གཞན་ནས་སྨན་བཅོས་བྱེད་པའི་སྨན་རིན་སྒོར་ཁྲི561ལ་སླེབས་ཡོད་ལ། དེའི་ནང་སྒྲིག་ཁོངས་ཡོད་པའི་ལས་བཟོ་བས་སྨན་རིན་སྒོར་ཁྲི308དང་། ལས་འཁྱེར་ངལ་གསོ་མི་སྣས་སྒོར་ཁྲི253བཅས་བཀོལ་ཡོད་པ་རེད། །