ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གི་གཙགས་དྲུབ་གསོ་སྦྱོང་འཛིན་གྲྭ་དངོས་སུ་ཚོགས་མགོ་བརྩམས་པ།

ཚེ་རིང་སྒྲོལ་མ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-05-23

ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་ཏུའུ་ཁི་མཁར་རྙིང་དོ་དམ་ཨུ་ཡོན་ལྷན་ཁང་གི་སྣེ་ཁྲིད་འོག  སེམས་ཀྱི་ཉི་ཟླ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། རྫོང་དབུལ་སྐྱོར་གཞུང་སྒྲུབ་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་སེམས་ཀྱི་ཉི་ཟླ་རྫོང་ཏུའུ་ཁི་མཁར་རྙིང་ཁུལ་གྱི་ཞིང་སྡེའི་བུད་མེད་རྣམས་ལ་གཙགས་དྲུབ་གསོ་སྦྱོང་བྱེད་པའི་འཛིན་གྲྭ་ཚོགས་མགོ་བརྩམས་པ་དང་། ཐེངས་འདིའི་བྱ་འགུལ་ནས་ཏུའུ་ཁི་མཁར་རྙིང་ཁུལ་གྱི་པེ་མིན་དང་། ཅིན་ལུང་། ཚང་ཧྥིང་སྲང་ལམ་གྱི་ཞིང་སྡེའི་བུད་མེད་བརྒྱར་གསོ་སྦྱོང་བྱེད་རྒྱུ་ཡིན་ལ། བྱ་འགུལ་སྤེལ་བའི་དམིགས་ཡུལ་ནི་མཁར་རྙིང་ཁུལ་གྱི་ཁྱད་ཆོས་ལྡན་པའི་གནས་སྐོར་ཐོན་རྫས་གསར་སྤེལ་དང་། ཞིང་སྡེའི་སྡོད་ཁུལ་གྱི་བུད་མེད་དང་ལས་ཤོར་བུད་མེད་རྣམས་ཀྱི་གསར་སྐྲུན་ལས་ཞུགས་བྱ་བར་ཤུགས་སྣོན་རྒྱུ་དེ་རེད།
  • ལེ་ཚན་སྔོན་མ།:ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གི་ནོར་གནག་དང་འབྲོག་ལུག་ཉེན་སྲུང་གི
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་མི་དམངས་ཁྲིམས་ཁང་ལ“རྒྱལ་ཡོངས་ཀྱི་ཕུལ་བྱུང་མི་དམངས་ཁྲིམས་ཁང”གི་མཚན་སྙན་ཐོབ་པ།
  • དོ་སྣང་ཆེ་བའི་རྩོམ།