འབའ་ལུང་རྫོང་གིས་བཅའ་ཁྲིམས་རོགས་སྐྱོར་ལ་སྐུལ་འདེད་གཏོང་བ།

    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།    2014-09-01

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གིས་བཅའ་ཁྲིམས་རོགས་སྐྱོར་ལ་ཤུགས་བསྣན་ཏེ། བཅའ་ཁྲིམས་ལ་བརྟེན་ནས་རྫོང་འཛུགས་རྒྱུའི་བྱེད་རིམ་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཀྱི་དྲང་སྙོམས་དང་དྲང་བདེན་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་བརླིང་སྲུང་སྐྱོང་བྱས་པ་རེད།

རྫོང་འདིས་བཅའ་ཁྲིམས་རོགས་སྐྱོར་གྱི་ཐེམ་པ་དམའ་རུ་བཏང་བ་དང་། བཅའ་ཁྲིམས་ཀྱི་རོགས་སྐྱོར་ཁྱབ་ཁོངས་ཆེ་རུ་སྐྱེད་པ། བཅའ་ཁྲིམས་རོགས་སྐྱོར་གྱི་གྱོ ད་དོན་དང་བཅའ་ཁྲིམས་དོན་ཚན་ལ་ཞིབ་གཅོད་བྱེད་ཚད་མཐོ་རུ་བཏང་ནས། ནན་ཏན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་གཏུག་བཤེར་རྒྱག་པར་དཀའ་ངལ་ཡོད་པ་དང་། གཏུག་བཤེར་རྒྱག་མི་ཐུབ་པའི་གནད་དོན་ཐག་གཅོད་བྱས་ཏེ།གཞི་རྩའི་ཐོག་ནས་བཅའ་ཁྲིམས་རོགས་སྐྱོར་བྱེད་དགོས་མཁན་ལ་གང་ཐུབ་ཀྱིས་རོགས་སྐྱོར་བྱེད་པའི་དམིགས་འབེན་བླང་བྱ་མངོན་འགྱུར་བྱུང་བ།

འབའ་ལུང་རྫོང་ལ་བཅའ་ཁྲིམས་རོགས་སྐྱོར་བྱེད་པའི་བཅའ་ཁྲིམས་རོགས་པ་ཉུང་བའི་གནད་དོན་ཐག་གཅོད་པ་དང་། བཅའ་ཁྲིམས་ཀྱི་རོགས་སྐྱོར་ལས་ཀའི་ཐད་གྲུབ་འབྲས་གསར་པོ་བྱུང་ཆེད། ཁྲིམས་འཛིན་ཅུས་ཀྱི་འགོ་ཁྲིད་ལས་བྱེད་པས་ཞིབ་འཇུག་བྱས་ནས།ཁྲིམས་འཛིན་ཅུས་ཀྱི་བཅའ་ཁྲིམས་ཤེས་པ་དང་ལས་སྒོ་མཁན་བ། ལས་ཀ་སྒྲུབ་པའི་འཁུར་སེམས་ཆེ་བའི་ལས་བྱེད་མི་སྣ་9བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་སུ་བཀོད་སྒྲིག་བྱས་ནས། གཅིག་ལྕོག་ལས་བྱེད་པ་བཟུང་བ་རེད། དུས་མཚུངས་སུ། སྔར་ལས་ལྷག་པར་བཅའ་ཁྲིམས་རོགས་སྐྱོར་གྱི་དྲིལ་བསྒྲགས་ཁྱབ་ཁོངས་ཆེ་རུ་གཏོང་ཆེད། འབའ་ལུང་རྫོང་ཁྲིམས་འཛིན་ཅུས་ཀྱིས་རྫོང་ཡོངས་ལ་བཅའ་ཁྲིམས་རོགས་སྐྱོར་གྱི་“རོགས་སྐྱོར་གནང་རོགས་ཞུ་བའི་བྱང་བུ་”82སྤྲད་པ། ཟླ1ནས་ཟླ6པའི་བར་དུ། རྫོང་འདིའི་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ཀྱིས་བཅའ་ཁྲིམས་རོགས་སྐྱོར་གྱོ ད་དོན་ཁྱོན་བསྡོམས་41བདག་སྤྲོད་བྱས་པ་དང་། མང་ཚོགས་54ཡི་འདྲི་རྟོག་དང་ལེན་བྱས་པ་རེད།  །

  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་གྱི་ལུས་རྩལ་པས་ཞིང་ཆེན་ལུས་རྩལ་འགྲན་བསྡུར་ཐོག་བྱ་དགའ་སྣ་མང་བླངས་པ།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་ཡོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།
  • དོ་སྣང་ཆེ་བའི་རྩོམ།