བདེ་ཆེན་ཁུལ་ཚན་རྩལ་ཅུའུ་ཡིས་རྒྱལ་ཐང་གྲོང་རྡལ་དུ་ལག་རྩལ་གསོ་སྦྱོང་བྱས་པ།

    ཀྲུང་གོ་བོད་ཀྱི་དྲ་བ།    2014-11-19

བདེ་ཆེན་ཁུལ་ཚན་རྩལ་ཅུའུ་ཡིས་རྒྱལ་ཐང་གྲོང་རྡལ་དུ་ལག་རྩལ་གསོ་སྦྱོང་བྱས་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ཚེས10ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ཞིང་ཁྱིམ་གྱི་དགོས་མཁོ་ལྟར། སེམས་ཀྱི་ཉི་ཟླ་རྫོང་བྲག་དམར་སྡེ་བ་རུ་ས་དེའི་རོང་འབྲོག་པ་མང་ཚོགས་ལ་འབྲི་གཡག་གསོ་སྤེལ་དང་མ་ཧྥེ་འདེབས་འཛུགས་ལག་རྩལ་སོགས་གསོ་སྦྱོང་བྱས་ཤིང་། རོང་འབྲོག་པ་མང་ཚོགས་མི་ཐེངས130ལྷག་ཐེངས་འདིའི་གསོ་སྦྱོང་སྟེང་ཞུགས།
གསོ་སྦྱོང་ལས་ཕྱུགས་རིག་སྨན་པ་ཀྲང་ཅུས་ཀྲུང་གིས་འབྲི་གཡག་གསོ་སྤེལ་ཁྲོད་མཁོ་བའི་ལག་རྩལ་དང་ནད་ཡམས་སྔོན་འགོག  གཟན་རྩྭའི་ཐོན་སྐྱེད་དང་ལས་སྣོན། ཕྱུགས་ར་ལེགས་བསྒྱུར་བཅས་ཕྱོགས་་སོ་སོ་ནས་མཛུབ་སྟོན་བྱས་པ་མ་ཟད། དགེ་རྒན་ཆེན་མོ་ཏུན་ལོས་རོན་གྱིས་མ་ཧྥེ་འདེབས་འཛུགས་གོ་རིམ་ཁྲོད་ཀྱི་ས་གཤིས་དང་ས་བོན་གསོ་སྤེལ། ཞིང་ཁའི་དོ་དམ། ནད་འབུའི་གནོད་སྐྱོན་དང་ཐོན་ལས་ལས་སྣོན་སོགས་ཤེས་བྱ་འགྲེལ་བཤད་བྱས་པ་རེད།  ། 
 
  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་གྱིས“ཚན་རིག་ཤེས་བྱ་བོད་ཁུལ་དུ་སྐྱེལ་བའི”བྱ་འགུལ་སྤེལ་བ།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་ཚན་རྩལ་ཅུས་ཀྱིས་ཞིང་འབྲོག་མང་ཚོགས་ལ་དངོས་སྤྱོད་ལག་རྩལ་གསོ་སྦྱོང་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།