བདེ་ཆེན་ཁུལ་གྱིས་ཆེད་དོན་སློབ་གསོའི་སྐོར་སྐྱོད་ལྟ་སྐུལ་སློབ་སྟོན་གསོ་སྦྱོང་གྲོས་ཚོགས་འཚོགས་པ།
སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། 2015-02-02
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས21ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་གཏིང་ཟབ་ངང་“ནན་པོ་གསུམ་དང་དངོས་གནས་གསུམ”དང་“ལྷག་བསམ་རྣམ་དག་དང་སྤྱོད་ངན་མེད་པ། འགན་འཁུར་ཕོད་པ”ཞེས་པའི་ཆེད་དོན་སློབ་གསོའི་ཁུལ་ཨུའི་སྐོར་སྐྱོད་ལྟ་སྐུལ་སློབ་སྟོན་ཚོ་ཆུང་གི་གསོ་སྦྱོང་གྲོས་ཚོགས་བསྡུས། གྲོས་ཚོགས་ཐོག་ཏན་ཏིག་ངང་ཁུལ་ཡོངས་ཀྱི་ཆེད་དོན་སློབ་གསོའི་སྐུལ་སློང་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་དེ། ལས་ཀའི་འགན་འཁྲི་གཏན་འབེབས་བྱས་ཤིང་། སྐོར་སྐྱོད་ལྟ་སྐུལ་སློབ་སྟོན་གྱི་བྱེད་སྒོར་གསོ་སྦྱོང་བྱས་ནས་ཁུལ་ཡོངས་ཀྱི་ཆེད་དོན་སློབ་གསོ་བདེ་བླག་དང་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་སྲུང་བྱས།
ཞིང་ཆེན་ཏང་ཨུའི་སྐབས་བཅོ་ལྔ་པའི་སྐོར་སྐྱོད་ལྟ་སྐུལ་སློབ་སྟོན་ཚོ་ཆུང་གི་འགོ་འཛིན་ཀྲང་ཧུང་ཕིང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཨུའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་མ་ཝུན་ལུང་གསོ་སྦྱོང་གྲོས་ཚོགས་སུ་ཕེབས་པ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་པུའུ་ཀྲང་ལུའུ་ཡུང་མིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ།
མ་ཝུན་ལུང་གིས་ཕྱོགས་བདུན་ནས་གང་འདྲ་ཁུལ་ཡོངས་ཀྱི་ཆེད་དོན་སློབ་གསོའི་སྐོར་སྐྱོད་ལྟ་སྐུལ་སློབ་སྟོན་ཚོ་ཆུང་གི་ལས་ཀ་ཡག་པོ་སྒྲུབ་རྒྱུ་དམིགས་ནས་བླང་བྱ་བཏོན་པ། ཁོང་གིས་གསུང་དོན། སྐོར་སྐྱོད་ལྟ་སྐུལ་སློབ་སྟོན་ཚོ་ཆུང་སོ་སོས་ལྟ་སྐུལ་སློབ་སྟོན་ལས་ཀའི་ཁྲོད་དུ་གཅིག་ནས་ཡང་དག་པའི་ངང་ཆེད་དོན་སློབ་གསོ་གཏན་ཁེལ་བྱེད་དགོས། གཉིས་ནས་ཆེད་དོན་སློབ་གསོ་དང་ལེགས་སྒྲིག་དོན་འཁྱོལ་ཟུང་འབྲེལ་བྱེད་པར་དམ་འཛིན་བྱེད་དགོས། གསུམ་ནས་ཏན་ཏིག་གིས་སྐོར་སྐྱོད་ལྟ་སྐུལ་སློབ་སྟོན་ཚོ་ཆུང་གི་ལས་འགན་གཙོ་བོ་བདུན་ལག་བསྟར་བྱེད་དགོས། བཞི་ནས་སྐོར་སྐྱོད་ལྟ་སྐུལ་སློབ་སྟོན་ལས་ཀ་སྒྲུབ་པའི་ཆུ་ཚད་མཐོ་རུ་གཏོང་དགོས། ལྔ་ནས་ལྟ་སྐུལ་སློབ་སྟོན་ལས་ཀའི་གནད་ཆེ་ས་དང་འགག་རྩ་ལ་དམ་པོར་འཛིན་ཞིང་། འཆར་གཞི་འགོད་པ་དང་། སློབ་སྦྱོང་སློབ་གསོ། བསམ་འཆར་ཉན་པ། ཏང་སྲོལ་དབྱེ་ཞིབ། ཆེད་དོན་དམངས་གཙོའི་འཚོ་བའི་གྲོས་ཚོགས་ཀྱི་སྤུས་ཚད་དང་། གནས་ཚུལ་ཐག་གཅོད། ཆེད་དོན་ལེགས་སྒྲིག་སོགས་འགག་སྒོ་བདུན་ཡག་པོ་སྲུང་དགོས། བདུན་ནས་སྲིད་ཇུས་ཀྱི་ཆོད་དོན་ལ་སློབ་སྦྱོང་དང་བྱང་ཆུབ་པ། ཚད་གཞི་དང་རྩ་དོན་རྒྱུན་འཁྱོངས་བྱེད་པ། ལྟ་སྐུལ་སློབ་སྟོན་གྱི་སྒྲིག་ཁྲིམས་ནན་པོར་བཏང་ནས་སྐོར་སྐྱོད་ལྟ་སྐུལ་སློབ་སྟོན་ལས་ཀའི་རྣམ་པ་ཡག་པོ་ཞིག་སྟོན་དགོས།
ལུའུ་ཡུང་མིང་གིས་གསུང་བཤད་གནང་དུས་ལྟ་སྐུལ་སློབ་སྟོན་ཚོ་ཆུང་སོ་སོས་གསོ་སྦྱོང་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱེད་དགོས་ཏེ། གཅིག་ནས་གང་མགྱོ གས་ཀྱིས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་བསམ་བློ་དང་བྱ་སྤྱོད་ཚང་མ་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་གྲོས་ཆོད་དང་བཀོད་སྒྲིག་ཐོག་གཅིག་བསྡུས་བྱེད་དགོས། གཉིས་ནས་ལྟ་སྐུལ་སློབ་སྟོན་བྱེད་ཡུལ་གྱི་ས་གནས་དང་ལས་ཁུངས་ལ་ལས་ཀའི་སྒྲིག་གཞི་འཛུགས་པ་དང་། ལག་བསྟར་འཆར་གཞི་འགོད་པ། དུས་ཐོག་ཏུ་བཀོད་སྒྲིག་དང་ལག་བསྟར་བྱེད་པར་ལྟ་སྐུལ་སློབ་སྟོན་བྱས་ནས་ཕྱོགས་ཡོངས་ནས་ནན་པོའི་ངང་ཏང་སྐྱོང་གི་བླང་བྱ་དོན་དུ་འཁྱོལ་དགོས། གསུམ་ནས་ལྟ་སྐུལ་སློབ་སྟོན་གྱི་ལས་འགན་སྒྲུབ་སྟེ། ནན་པོའི་ཚད་གཞི་དང་། བྱ་ཐབས། སྒྲིག་ཁྲིམས་སོགས་རྒྱུན་འཁྱོངས་བྱས་ནས་ཆེད་དོན་སློབ་གསོར་དམ་འཛིན་བྱས་ཏེ་ཆེད་དོན་སློབ་གསོའི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་འགན་སྲུང་བྱེད་དགོས་ཞེས་བསྟན་པ་རེད།
ཁུལ་ཨུའི་“ནན་པོ་གསུམ་དང་དངོས་གནས་གསུམ”དང་“ལྷག་བསམ་རྣམ་དག་དང་སྤྱོད་ངན་མེད་པ། འགན་འཁུར་ཕོད་པ”ཞེས་པའི་ཆེད་དོན་སློབ་གསོའི་སྐོར་སྐྱོད་ལྟ་སྐུལ་སློབ་སྟོན་ཚོ་ཆུང་གི་འགོ་འཛིན་དང་། འགོ་འཛིན་གཞོན་པ། འགོ་ཁྲིད་ཚོ་ཆུང་གི་གཞུང་ལས་ཁང་གི་ཁོངས་མི། ཁུལ་ཐད་གཏོགས་སྡེ་ཁག་སོ་སོའི་འགན་འཁུར་མི་སྣ་གྲོས་ཚོགས་སུ་ཞུགས་ཡོད་པ་རེད། །