ས་དམ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལྕགས་ལམ་དངོས་སུ་འཛུགས་འགོ་ཚུགས།

    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།    2014-08-06

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ཚེས22ཉིན།རྒྱལ་ཁབ་ཀྱི་དུས་ཡུན་འབྲིང་རིང་ལྕགས་ལམ་དྲ་བའི་འཆར་འགོད་“ནུབ་ཕྱོགས་ལྕགས་ལམ་དྲ་བ”དང་ཏན་བོད་ལྕགས་ལམ་གྱི་གལ་ཆེའི་གྲུབ་ཆ་སྟེ་ས་དམ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལྕགས་ལམ་དེ་ས་དམ་ནས་འཛུགས་འགོ་ཚུགས་པའི་མཛད་སྒོ་བསྡུས།
འཛུགས་འགོ་ཚུགས་པའི་མཛད་སྒོ་བསྡུ་བའི་སྔོན་དུ།ཞིང་ཆེན་གྱི་འགོ་འཛིན་ལི་ཅི་ཧིང་གིས་ཁུན་མིང་ལྕགས་ལམ་ཅུས་ཏན་ནུབ་ལྕགས་ལམ་འཛུགས་སྐྲུན་བཀོད་འདོམས་པུའུ་ཡི་ས་དམ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་གཞུང་ལམ་འཛུགས་སྐྲུན་གནས་ཚུལ་གྱི་སྙན་ཞུ་གསན་ཞིང་།ཁོང་གིས་ལྕགས་ལམ་འདི་ནི་རང་རྒྱལ་གྱི་བོད་ཁུལ་དུ་ཞུགས་པའི་ལྕགས་ལམ་ཨང་གཉིས་པ་ཡིན་ཞིང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་ཁུར་དང་དྲོ་སྐྱིད་མཐའ་མཚམས་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་སེམས་སུ་སྐྱེལ་བའི་“བདེ་སྐྱིད་ཀྱི་ལམ་བུ”ཞིག་ཡིན་པས།ས་གནས་སྲིད་གཞུང་དང་འཛུགས་སྐྲུན་ཨར་ལས་སྡེ་ཚན་གྱིས་སེམས་རྣལ་དུ་ཕབ་པ་དང་བརྩེ་སེམས་བཅངས་པ།ནུས་ཤུགས་འདོན་པའི་ངང་ནས་ལས་ཀ་སྒྲུབ་ཅིང་།སྤུས་ལེགས་དང་ལས་ཆོད་མཐོ་བའི་ངང་ནས་ལྕགས་ལམ་འདི་འཛུགས་ཏེ།མཐའ་མཚམས་ཀྱི་མི་རིགས་ཁག་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་གསུངས།
ཞིང་ཆེན་གྱི་འགོ་འཛིན་གཞོན་པ་ཏིང་ཧྲའོ་ཞང་གིས་འཛུགས་འགོ་ཚུགས་པའི་མཛད་སྒོའི་ཐོག་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་ཤིས་ཚིག་གསུང་བ་རེད།ཁོང་གིས་ས་དམ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལྕགས་ལམ་གྱིས་ཡུན་ནན་བའི་འདུན་པ་གང་མང་ཞིག་ཐེག་ཡོད་དེ།ལམ་རྒྱུད་ཀྱི་རིམ་པ་ཁག་གི་མི་དམངས་སྲིད་གཞུང་གིས་བཤིག་སྤོའི་ལས་ཀ་སོགས་ཡག་པོ་སྒྲུབ་རྒྱུ་དང་།མཛེས་སྡུག་ལྡན་པའི་འདུན་པ་དེ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ལག་ལེན་དངོས་སུ་འགྱུར་རྒྱུའི་རེ་བ་ཞུ་རྒྱུ་དང་།ཨར་ལས་སྡེ་ཚན་གྱིས་བདེ་འཇགས་ངང་ཨར་ལས་བྱས་ནས་ལས་གྲྭ་འདི་བདེ་འཇགས་དང་ལས་ཆོད་མཐོ་ལ་བདེ་བླག་ངང་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱེད་རྒྱུའི་རེ་བ་ཞུ་རྒྱུ།འཛུགས་སྐྲུན་བཀོད་འདོམས་པུའུ་ཡིས་སྲིད་གཙང་ལྟ་ཞིབ་སོགས་ཀྱི་ལས་ཀ་ཡག་པོ་བསྒྲུབས་ནས།སྤུས་ལེགས་ཀྱི་ལམ་དང་སྲིད་གཙང་གི་ལམ།ལམ་རྒྱུད་ཀྱི་མི་དམངས་ལ་བདེ་ཐང་དང་བདེ་སྐྱིད་སྐྱེལ་བའི་ལམ་དུ་འཛུགས་པར་ཁག་ཐེག་བྱེད་རྒྱུའི་རེ་བ་ཞུ་རྒྱུ་ཡིན་ཞེས་གསུངས།
ལི་ཅི་ཧིང་གིས་ས་དམ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལྕགས་ལམ་འཛུགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ།
ཞིང་ཆེན་སྲིད་གཞུང་གི་ལྕགས་ལམ་དང་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ལས་ཀའི་ལྟ་སྐུལ་ཚོ་ཆུང་གི་འགོ་འཛིན་ལིའང་ཀུང་ཆིན་འཛུགས་འགོ་ཚུགས་པའི་མཛད་སྒོར་ཞུགས་པ།
ཞིང་ཆེན་སྲིད་གཞུང་གི་དྲུང་ཆེན་མའོ་ཝིན་གོས་འཛུགས་འགོ་ཚུགས་པའི་མཛད་སྒོ་གཙོ་སྐྱོང་གནང་བ།
ས་དམ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ།ལས་ཚབ་གྲོང་ཁྱེར་གྱི་འགོ་འཛིན་ཀྲང་ཙེ་ཅུན་གྱིས་ས་དམ་གྲོང་ཁྱེར་ཨུ་ལྷན་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་བྱས་ནས་རྣམ་འགྱུར་སྟོན་པའི་གསུང་བཤད་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཧོང་ཀྲེང་ཧུང་གིས་གསུང་བཤད་གནང་དུས།ས་དམ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལྕགས་ལམ་ནི་བདེ་ཆེན་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་རེ་སྒུག་ཡུན་རིང་བྱས་པའི་འབྱོར་འབྲིང་གི་ལམ་ཞིག་དང་བདེ་སྐྱིད་ཀྱི་ལམ་ཞིགམཐུན་སྒྲིལ་གྱི་ལམ་ཞིག་ཡིན།ལྕགས་ལམ་འདི་འཛུགས་པ་ཡིས་བདེ་ཆེན་དང་ཏན་ནུབ་བྱང་གི་སེམས་ཀྱི་ཉི་ཟླ་ཆེན་མོའི་ས་ཁུལ་གྱི་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་དང་ཁྱད་ལྡན་ཐོན་ཁུངས་ཀྱི་གསར་སྤེལ།ཐོན་ལས་ཅན་གྱི་འཕེལ་རྒྱས།བོད་ཁུལ་མང་ཚོགས་ཀྱི་དབུལ་བསྐྱུར་ཕྱུག་འགྱུར་དང་སྤྱི་ཚོགས་བརྟན་ལྷིང་སོགས་ཐད་ལ་ཧ་ཅང་གལ་ཆེའི་དོན་སྙིང་ལྡན་ཞིང་གཏིང་རིང་བའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཞེས་བཤད་པ་རེད།ཁོང་གིས་རིམ་པ་ཁག་གི་འགོ་ཁྲིད་དང་སྡེ་ཚན་སོ་སོ་དང་སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱིས་ད་བར་ས་དམ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལྕགས་ལམ་གྱི་དུས་འགོའི་ལས་ཀར་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།
ས་དམ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་གཞུང་ལམ་དེ་ལྷོ་ནས་ཏ་ལི་ནས་ས་དམ་བར་ལྕགས་ལམ་གྱི་ས་དམ་འབབ་ཚུགས་ནས་འགོ་ཚུགས་ཤིང་།བྱང་དུ་འབྲི་ཆུར་བརྒལ་བ་དང་ཡང་ཐང་བརྒྱུད་དེ་སེམས་ཀྱི་ཉི་ཟླ་རྫོང་མཁར་རུ་སླེབས་པ།ལམ་ཐིག་འདིའི་འཛུགས་སྐྲུན་རིང་ཚད་ནི་སྟོང་སྨི་139.66ཡོད་ལ།ལས་གྲྭའི་མ་དངུལ་སྒོར་དུང་ཕྱུར་103.72གཏོང་རྒྱུ་རེད།ལྕགས་ལམ་འདི་འཛུགས་པ་ཡིས་ཏན་ནུབ་བྱང་ས་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གནས་ཚུལ་ལེགས་སུ་གཏོང་བ་དང་ས་ཁོངས་བར་གྱི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ།ཡུལ་སྐོར་དང་ཆུ་གློགགཏེར་ལས་སོགས་ཐོན་ཁུངས་གཏིང་ཟབ་ཏུ་གསར་སྤེལ་བྱེད་ཅིང་།བོད་ཁུལ་གྱི་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པ།ཏན་ནུབ་བྱང་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་རྒྱས་གཏོང་བར་ཆེས་གལ་ཆེའི་དོན་སྙིང་ལྡན།དེ་བས་གལ་ཆེ་བ་ཞིག་ནི།ལྕགས་ལམ་འདི་ནི་ད་དུང་ནུབ་བྱང་དུ་བསྲིང་རྒྱུ་ཡིན་ཞིང་།ལྷ་ས་ནས་བསྲིངས་པའི་ལྕགས་ལམ་དང་འབྲེལ་མཐུད་བྱས་ཏེ་ཏན་བོད་ལྕགས་ལམ་དུ་གྲུབ་རྒྱུ་རེད།ཚོད་དཔག་བྱས་ན་ལོ་6གི་རྗེས་སུ།མེ་འཁོར་དུ་བསྡད་ནས་སེམས་ཀྱི་ཉི་ཟླར་ཡུལ་སྐོར་ལྗོངས་རྒྱུར་ཡོང་རྒྱུའི་རེ་འདུན་དེ་དངོས་སུ་འགྲུབ་ཐུབ་རྒྱུ་རེད།
ཧོང་ཀྲེང་ཧུང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས།ཁུལ་ཡོངས་ཀྱི་ནུས་ཤུགས་བཏོན་ཏེ་རྣམ་གྲངས་འཛུགས་སྐྲུན་གྱི་མཐུན་སྦྱོར་ཞབས་འདེགས་ཡག་པོ་བྱེད་རྒྱུ་དང་།ཤུགས་ཡོངས་ཀྱིས་འཛུགས་སྐྲུན་སྡེ་ཁག་གི་ལས་ཀར་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ཏེ།རྣམ་གྲངས་བདེ་བླག་གིས་འཛུགས་པར་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུའི་ཁས་ལེན་པ་རེད།
འཛུགས་སྐྲུན་ཁེ་ལས་ཀྱི་བདག་པོའི་སྡེ་ཁག་སྟེ་ཁུན་མིང་ལྕགས་ལམ་ཅུས་ཀྱི་ཅུས་ཀྲང་ལིའུ་པའོ་ཧྲིང་གིས་མཛད་སྒོའི་ཐོག་གསུང་བཤད་གནང་བ།
ཞིང་ཆེན་སྲིད་གཞུང་གི་ལྕགས་ལམ་དང་མྱུར་བགྲོད་གཞུང་ལམ་གྱི་ལྟ་སྐུལ་ཚོ་ཆུང་དང་།ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁགཁེ་ལས་དང་ལྕགས་ལམ་ཇུས་འགོད་སྡེ་ཚན་གྱི་འབྲེལ་ཡོད་འགན་འཁུར་བ་མཛད་སྒོར་ཞུགས་པ་རེད།  ། 
  • ལེ་ཚན་སྔོན་མ།:རྒྱལ་ཡོངས་སྲིད་གྲོས་ཀྱི་བརྟག་ཞིབ་ཚོ་ཆུང་གིས་བདེ་ཆེན་ཁུལ་དུ་བརྟག་ཞིབ་བྱས།
  • ལེ་ཚན་རྗེས་མ།:ཡུན་ནན་ཞིང་ཆེན་གྱི་ཀྲའོ་ཐུང་ས་ཁུལ་ལུའུ་ཏན་རྫོང་དུ་ཚད་རིམ་6.5ཅན་གྱི་ས་འགུལ་བྱུང་།
  • དོ་སྣང་ཆེ་བའི་རྩོམ།