རང་རེའི་ཞིང་ཆེན་གྱིས་ད་ལོར་མུ་མཐུད་ནས་དམངས་འཚོའི་ལས་གྲྭ་བཅུ་ལག་བསྟར་བྱ་རྒྱུ།

        2014-02-21

 ད་ལོར། སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མུ་མཐུད་ནས་དམངས་འཚོའི་ལས་གྲྭ་བཅུ་ལག་བསྟར་བྱས་ཏེ་རྒྱུད་མཐུད་དེ་སློབ་གསོ་དང་སྤྱི་ཚོགས་འགན་སྲུང་། སྨན་བཅོས་འཕྲོད་བསྟེན། འགན་སྲུང་རང་བཞིན་གྱི་སྡོད་ཁང་སོགས་སྤྱི་ཚོགས་བྱ་གཞག་ལ་གཙོ་གནད་དུ་མ་དངུལ་གཏོང་འཇོག་བྱེད་པར་འགན་སྲུང་བྱས་ཐོག་མངོན་གསལ་དུ་དམངས་འཚོའི་སྐོར་གྱི་དོན་དངོས19ཡག་པོ་བསྒྲུབ་རྒྱུ་ཡིན་པ།
    རིམ་པ་སོ་སོའི་སྡེ་ཁག་དང་གཞི་རིམ་མང་ཚོགས་ཀྱིས་བསམ་འཆར་བཏོན་པ་བསྡུ་ལེན་བྱས་ཐོག་ད་ལོར་རང་རེའི་ཞིང་ཆེན་གྱི་དམངས་འཚོ་སྐོར་གྱི་ལས་གྲྭ་བཅུ་བསྒྲུབ་རྒྱུ་ཡིན་པ་སྟེ། གཅིག་ནི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལས་གྲྭ། ལས་གྲྭ་དེར་ལས་ཞུགས་ཀྱི་གཞི་ཁྱོན་རྒྱ་སྐྱེད་གཏོང་བ་དང་ལས་རིགས་ནུས་རྩལ་གསོ་སྐྱོང་སྦྱོང་བརྡར་བྱེད་པ་བཅས་འདུས་ཡོད། གཉིས་ནི་དབུལ་སྐྱོར་དཀའ་སྒྲོལ་གྱི་ལས་གྲྭ། ལས་གྲྭ་དེར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྨན་བཅོས་ཐད་ཀྱི་རོགས་སྐྱོབ་བྱ་རྒྱུ་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་དཀའ་གནད་སེལ་རོགས་བྱེད་པ་སོགས་འདུས་ཡོད། གསུམ་ནི་མི་རིགས་ས་ཁུལ་ལ་རོགས་སྐྱོར་བྱེད་པའི་ལས་གྲྭ། ལས་གྲྭ་དེར་ལིའང་ཧྲན་ཆེ་ཆུང་ས་ཁུལ་གྱི་དུག་བཀག་བྱ་རྒྱུའི་ཆེད་དོན་བདག་བཅོས་བྱ་རྒྱུ་དང་བོད་ཁུལ་དབང་པོ་སྐྱོན་ཅན་ལ་ཞབས་འདེགས་ལྟེ་བ་བསྐྲུན་རྒྱུ་སོགས་འདུས་ཡོད། བཞི་ནི་སློབ་གསོ་སློབ་རོགས་ཀྱི་ལས་གྲྭ། ལས་གྲྭ་དེར་ཞིང་སྡེའི་འོས་འགན་སློབ་གསོ་དུས་རིམ་སློབ་གྲྭའི་ཟ་ཁང་བསྐྲུན་པ་སོགས་འདུས་ཡོད། ལྔ་ནི་སྤྱི་ཚོགས་འགན་སྲུང་གི་ལས་གྲྭ། ལས་གྲྭ་དེར་དང་བླངས་པའི་དཔུང་སྡེ་སྐྲུན་པ་དང་དབང་པོ་སྐྱོན་ཅན་ཁྱིམ་ཚང་ལ་བཀག་ཆ་མེད་པ་བཟོ་རྒྱུ་སོགས་འདུས་ཡོད། དྲུག་ནི་སྨན་བཅོས་འཕྲོད་བསྟེན་གྱི་ལས་གྲྭ། ལས་གྲྭ་དེར་ཕྲུ་གུ་མ་འཁོར་སྔོན་གྱི་ལུས་ཁམས་ཞིབ་བཤེར་བྱ་རྒྱུ་དང་། ཐོས་ཤུགས་ཉམས་པའི་དབང་པོ་སྐྱོན་ཅན་བྱིས་པར་སྐྱོབ་རོགས་བྱ་རྒྱུ་སོགས་འདུས་ཡོད། བདུན་ནི་མི་སེར་གྱི་བདེ་སྡོད་ལས་གྲྭ། ལས་གྲྭ་དེར་ཞིང་སྡེའི་ཡུལ་མིའི་སྡོད་ཁང་ཉེན་མེད་དང་། གྲོང་རྡལ་ཡུལ་མིར་སྡོད་ཁང་མེད་པའི་དཀའ་གནད་སེལ་བ་སོགས་འདུས་ཡོད། བརྒྱད་ནི་དམངས་འཚོ་སྐོར་གྱི་རྨང་གཞི་སྒྲིག་ཆས་ཀྱི་ལས་གྲྭ། ལས་གྲྭ་དེར་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གཙོ་བོ་སྲུང་སྐྱོང་དང་དོ་དམ་བྱ་རྒྱུ་སོགས་འདུས་ཡོད། དགུ་ནི་སྐྱེ་ཁམས་ཁོར་ཡུག་གི་ལས་གྲྭ། ལས་གྲྭ་དེར་རྨོ་ཞིང་སྤུས་ཚད་ཀྱི་འཛུགས་སྐྲུན་དང་། ཆུ་བོ་ཆུང་འབྲིང་ལེགས་བཅོས་བྱ་རྒྱུ་སོགས་འདུས་ཡོད། བཅུ་ནི་རིག་གནས་ལུས་རྩལ་ལས་གྲྭ། ལས་གྲྭ་དེར་ལུས་རྩལ་ཐང་དེ་རིན་པ་མི་དགོས་པར་སྒོ་འབྱེད་པ་སོགས་ཀྱི་བྱ་བ་འདུས་ཡོད།
    ད་ལོར་རང་རེའི་ཞིང་ཆེན་གྱིས་མངོན་གསལ་དུ་དམངས་འཚོའི་སྐོར་གྱི་ལས་དོན་དངོས19ཡག་པོ་བསྒྲུབ་རྒྱུ། དེའི་ནང་ཞིང་ཆེན་ཡོངས་ཀྱི་འོས་འགན་སློབ་གསོ་དུས་རིམ་སློབ་མའི་སྦྱོང་དེབ་གྲོན་དངུལ་མེད་པ་བཟོ་བ་དང་། ས་ཁ་སྨི2500ལས་མཐོ་བའི་མི་རིགས་ས་ཁུལ་གྱི་འོས་འགན་སློབ་གསོ་དུས་རིམ་གྱི་སློབ་གྲྭར་དྲོད་ལེན་པར་ཁ་གསབ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་དུ་ཉིང་དགུང་ལྟ་རྟོག་བྱེད་ས་ལྟེ་བ2000བསྐྲུན་རྒྱུ། ཞིང་སྡེའི་མི་གྲངས་ཁྲི400དང་སློབ་གྲྭའི་དགེ་སློབ་ཁྲི50ཡི་ཉེན་མེད་འཐུང་ཆུའི་གནད་དོན་ཐག་གཅོད་བྱ་རྒྱུ་རེད། 
  • ལེ་ཚན་སྔོན་མ།:བོད་ལྗོངས་སློབ་ཆེན་གྱིས་སྐབས་དང་པོའི་འབུམ་རམས་པ12བསྡུ་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:སེམས་ཀྱི་ཉི་ཟླ་རྫོང་གིས་བོད་ཤིང་རྟ་ལོའི་ལོ་སར་བསུ་མ་བྱེད་པའི་ཇ་སྟོན་ཚོགས་འདུ་བསྡུས།
  • དོ་སྣང་ཆེ་བའི་རྩོམ།