སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ 2013-09-27
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་“སྟོན་དུས་སློབ་ཞུགས་རོགས་རམ”བྱེད་སྒོ་སྤེལ་ནས་དཀའ་ངལ་ཡོད་པའི་ལས་བཟོའི་བུ་ཕྲུག91གི་སློབ་ཞུགས་དཀའ་ངལ་སེལ་བ། ཁྱོན་བསྡོམས་སློབ་ཞུགས་རོགས་དངུལ་སྒོར་ཁྲི20འགྲེམ་གཏོང་བྱས་པ་རེད།
ད་ལོའི་ཟླ7པའི་ཟླ་དཀྱིལ་ནས་བཟུང་། བདེ་ཆེན་ཁུལ་ཡོངས་བཟོ་ཚོགས་ཀྱིས་ནུས་ཡོད་ཀྱི་བྱ་ཐབས་སྤྱད་དེ། སྔོན་ཚུད་ནས་འཆར་གཞི་འགོད་པ་དང་བཀོད་སྒྲིག་བྱས་པ། ལག་བསྟར་མགྱོ གས་པོ་བྱས་ནས། “སྟོན་དུས་སློབ་ཞུགས་རོགས་རམ”བྱེད་སྒོ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱས། ཡིག་ཆ་དང་ཚོགས་པ་སོགས་སྟེགས་བུ་མང་པོར་བརྒྱུད་ནས་སློབ་ཞུགས་རོགས་རམ་ལ་རྒྱ་ཆེ་བའི་དྲིལ་བསྒྲགས་བྱས་པ་དང་། རོགས་རམ་བྱེད་པའི་ཆ་རྐྱེན་དང་། ཚད་གཞི། ལས་ཀའི་བརྒྱུད་རིམ་གཏན་འབེབས་བྱས་པ། བརྒྱུད་རིམ་ཚད་ལྡན་དུ་གཏོང་བ་དང་ཞིབ་བཤེར་གཏན་འབེབས་ནན་པོ་བྱས་པ། རོགས་སྐྱོར་བྱེད་པའི་ཆ་རྐྱེན་དང་མཐུན་པའི་དཀའ་ངལ་ཡོད་པའི་ལས་བཟོའི་བུ་ཕྲུག་རྣམས་ཐོག་མར་དཀའ་ངལ་ཡོད་པའི་ལས་བཟོ་ཡིས་གཞི་རིམ་གྱི་བཟོ་ཚོགས་ལ་ཡིག་ཐོག་སྙན་ཞུ་ཕུལ་བ་དང་། གཞི་རིམ་བཟོ་ཚོགས་ཀྱིས་སྙན་ཞུ་གནས་ཚུལ་ལ་གཞིགས་ནས་དུད་ཚང་དུ་བསྐྱོད་ནས་ཞིབ་འཇུག་བརྟག་དཔྱད་བྱས་ཏེ་གོང་རིམ་དུ་ཕུལ་བ། དེ་ནས་རྫོང་སོ་སོའི་བཟོ་ཚོགས་ཀྱིས་ཞིབ་འཇུག་བརྟག་དཔྱད་བྱས་ནས་རྗེས་མར་རོགས་སྐྱོར་བྱེད་པའི་སློབ་མ་གཏན་འཁེལ་བྱས་པ་རེད། དཀའ་ངལ་ལ་གཞིགས་ནས་སོ་སོ་སོར་སྒོར1000ནས4000བར་གྱི་སློབ་ཞུགས་རོགས་དངུལ་སྤྲད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10