ཡུན་ནན་དུ་གྲངས་ཉུང་མི་རིགས་ཀྱི་སློབ་ཆུང་བར་སྐད་གཉིས་སློབ་ཁྲིད་བྱེད་དགོས་པའི་ཡིག་ཆ་བཏོན་པ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2013-09-26

ཟླ9པའི་ཚེས22ཉིན། 《ཡུན་ནན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སློབ་གསོ་སྐུལ་སྤེལ་སྲོལ་ཡིག》ཅེས་པ་ཡུན་ནན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པའི་སྟེང་གྲོས་ཞིབ་བྱས་ནས་ཆོག་མཆན་ཐོབ་ཅིང་། ཟླ10པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད། སྲོལ་ཡིག་དེ་ཁྱབ་བསྒྲགས་དང་ལག་བསྟར་བྱེད་པར་བརྒྱུད་ནས་ཡུན་ནན་ཞིང་ཆེན་དུ་མི་རིགས་སློབ་གསོ་ཐད་ཁུངས་འཛིན་སའི་ཁྲིམས་མེད་པའི་ད་ལྟའི་གནས་བབ་དེ་མཇུག་རྫོགས་པའི་ཁར། མི་རིགས་སློབ་གསོ་བྱ་བ་དེ་ཚད་ལྡན་ཅན་དང་ཁྲིམས་ལུགས་ཅན་གྱི་ལམ་དུ་བཀོད་པ་མངོན་པར་མཚོན།
  སྲོལ་ཡིག་ལ་བསྡོམས་པས་ལེའུ5དང་དོན་ཚན27ཡོད་ལ། སློབ་གསོའི་དངུལ་གཏོང་དང་སློབ་སྒྲུབ་རྣམ་པ། སློབ་གསོའི་འགན་སྲུང་སོགས་ནང་དོན་མང་པོ་འདུས་ཤིང་། བྱེ་བྲག་ཏུ་སྲོལ་ཡིག་གིས་སྐད་གཉིས་སློབ་ཁྲིད་སྐུལ་སྤེལ་བྱེད་པར་གསལ་བོར་གཏན་ཁེལ་བྱས་ཡོད་པ་སྟེ། རྒྱ་ཡིག་མི་རྟོགས་པའམ་ཕལ་ཆེར་མི་རྟོགས་པའི་གྲངས་ཉུང་མི་རིགས་འདུས་སྡོད་ཀྱི་ས་ཁུལ་དུ་སྐད་གཉིས་བྱིས་སྐྱོང་ཁང་བསྒྲུབ་པ་དང་། སློབ་ཆུང་རིམ་པར་གྲངས་ཉུང་མི་རིགས་ཀྱི་སློབ་མའི་ཁྱད་ཆོས་དང་འཚམ་པའི་སྐད་གཉིས་སློབ་ཁྲིད་ཀྱི་བསླབ་ཚན་འཇོག་དགོས་པའི་བླང་བྱ་བཏོན་པ་རེད།
  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཚོགས་ཁག་གིས་ཞབས་འདེགས་ཞུ་སའི་སྤུས་ཚད་མཐོ་རུ་བཏང་བ།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་གྱིས་“སྟོན་དུས་སློབ་ཞུགས་རོགས་རམ”བྱེད་སྒོས་ལས་བཟོའི་བུ་ཕྲུག91ལ་རོགས་རམ་བྱས།
  • དོ་སྣང་ཆེ་བའི་རྩོམ།