སྐབས་བཅུ་གཅིག་པའི་བདེ་ཆེན་ཁུལ་སྲིད་གྲོས་ཀྱིས་ཤེས་ལྡན་མི་སྣའི་གསོ་སྐྱོང་ལ་མཐོང་ཆེན་བྱས་པ།

    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།    2013-07-31

སྐབས་བཅུ་གཅིག་པའི་ཡུན་ནན་ཞིང་ཆེན་བདེ་ཆེན་རང་སྐྱོང་ཁུལ་སྲིད་གྲོས་ཀྱིས་ནུས་ཤུགས་གང་ཡོད་འདོན་ནས་ཤེས་ལྡན་མི་སྣའི་གསོ་སྐྱོང་འཐབ་ཇུས་ལག་བསྟར་བྱས་པ་དང་།ཧུར་ཐག་གིས་ཕུལ་བྱུང་ཤེས་ལྡན་མི་སྣ་འཚར་ལོངས་བྱུང་བར་ལས་སྟེགས་བསྐྲུན་པ་དང་འཚར་ལོངས་བྱུང་བའི་ཁོར་ཡུག་ལེགས་པོ་ཞིག་བཏོད་པ་རེད།

བསམ་བློ་དམ་འཛིན་བྱས་ནས།ཤེས་ལྡན་མི་སྣའི་གསོ་སྐྱོང་འདུ་ཤེས་མཐོ་རུ་བཏང་བ།ཤེས་ལྡན་མི་སྣ་གསོ་སྐྱོང་དང་གསོག་འཇོག་བྱ་རྒྱུ་དེ་སྐབས་བཅུ་གཅིག་པའི་ཁུལ་སྲིད་གྲོས་ཀྱི་གལ་ཆེའི་གྲོས་རིམ་ཉིན་ཐོར་བཀོད་ཡོད་དེ།《བདེ་ཆེན་ཁུལ་སྲིད་གྲོས་ཀྱི་ན་གཞོན་ལས་བྱེད་པ་འདེམས་སྒྲུག་བྱེད་པའི་ལག་བསྟར་འཆར་ཟིན》བཟོས་ཏེ།ན་གཞོན་ལས་བྱེད་པ་བདེ་བླག་ངང་འཚར་ལོངས་བྱུང་བར་ནུས་ལྡན་གྱི་ཁག་ཐེག་བྱས་པ་རེད།དུས་མཚུངས་སུ།ལས་ཞུགས་ཞིབ་བཤེར་དང་གསར་འགྱུར་དྲིལ་བསྒྲགས།ཡུལ་མིའི་གནས་ཚུལ་གྱི་ཞུ་འབུལ་སོགས་ལ་འབྲེལ་ཡོད་ཀྱི་གཟེངས་བསྟོད་སྐུལ་འདེབས་ལམ་ལུགས་བཟོས་ཡོད་པས།རྒྱ་ཆེའི་ལས་བྱེད་པའི་སློབ་སྦྱོང་དང་ལས་སྒྲུབ་ཀྱི་བརྩོན་སེམས་སྐུལ་སློང་བྱས་ཏེ།མཐུན་སྒྲིལ་ལས་སྒྲུབ་ཀྱི་ལས་བྱེད་ངང་ཚུལ་ཞིག་བཏོད་པ་རེད།

རྟེན་བྱེད་དམ་འཛིན་བྱས་ནས་ཤེས་ལྡན་མི་སྣའི་གསོ་སྐྱོང་བྱེད་སྟངས་གསར་བསྒྱུར་བྱས་པ།ཤེས་ལྡན་མི་སྣའི་གསོ་སྐྱོང་ཐབས་ལམ་མུ་མཐུད་དུ་འཚོལ་ཞིབ་བྱེད་པའི་ཐད།གཟའ་པ་སངས་སློབ་སྦྱོང་ཉིན་གྱི་བྱེད་སྒོ་སྤེལ་བ་དང་།གཞི་རིམ་དུ་ཟབ་ཏུ་འཇུག་སྟེ་བརྟག་དཔྱད་ཞིབ་འཇུག་སོགས་ཀྱི་བྱ་ཐབས་སྤེལ་ནས་སློབ་སྦྱོང་བྱས་པ་དང་།ན་གཞོན་ལས་བྱེད་པ་གཞོན་དར་འཛིན་གྲྭ་དང་གྲོང་གསེབ་ལས་བྱེད་པའི་སློབ་གླིང་གི་གསོ་སྦྱོང་འཛིན་གྲྭ།དུས་རབས་མདུན་ཕྱོགས་ཤེས་བྱའི་ཆེད་དོན་འཆད་ཁྲིད་སོགས་ལ་འདེམས་སྐྱེལ་བྱས་ཏེ་ཁོང་ཚོའི་ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་བཏང་བ་དང་།ཕུལ་བྱུང་ན་གཞོན་ལས་བྱེད་པ་གུང་ཁྲན་ཏང་ནང་དུ་བསྡུས་པ་དང་།བསམ་བློ་དང་ཆབ་སྲིད།རྩ་འཛུགས་དང་སྤྱོད་ཚུལ་སོགས་ཐད་ཏང་ཡོན་གསར་པར་བླང་བྱ་ནན་པོ་བཏོན་ནས།ཁོང་ཚོ་བདེ་བླག་ངང་འཚར་ལོངས་བྱུང་བར་སྐུལ་འདེད་བཏང་བ་རེད།

གསོ་སྦྱོང་དམ་འཛིན་བྱས་ནས་ཤེས་ལྡན་མི་སྣའི་གསོ་སྐྱོང་འཐབ་ཇུས་ལག་བསྟར་བྱས་པ།རྐང་འཛིན་ལས་བྱེད་པ་བདམས་ནས་ཞིང་ཆེན་སྲིད་གྲོས་ལ་མཉམ་ཞུགས་སློབ་སྦྱོང་བྱས་པ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཚགས་པར་ཁང་དུ་ལས་རིགས་ཀྱི་སློབ་སྦྱོང་བྱས་ཏེ།ལས་སྒྲུབ་ཀྱི་འདུ་ཤེས་གསར་བསྒྱུར་བྱེད་པ་དང་ལས་སྒྲུབ་ཀྱི་བསམ་ཕྱོགས་རྒྱ་སྐྱེད་བཏང་བ།ལས་སྒྲུབ་ཀྱི་ཆུ་ཚོད་མཐོ་རུ་བཏང་བ་རེད།“མང་ཚོགས་བཞིའི་སློབ་གསོ”དང་“སྟོང་སྐུལ“སོགས་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས།དགེ་མཚན་ལྡན་པའི་ངང་ལས་བྱེད་པ་ཤང་དང་གྲོང་རྡལ་དང་།གྲོང་སྡེའི་ཚོགས་ཆུང་སོགས་སུ་མངགས་ཏེ་སྦྱོང་བརྡར་བྱེད་དུ་བཅུག་པ་དང་།ཡུལ་མིའི་བསམ་བློ་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་བྱེད་དུ་བཅུག་སྟེ།གཞི་རིམ་གྱི་མང་ཚོགས་དང་བློ་སེམས་གཅིག་སྒྲིལ་བྱེད་པ་དང་།ལས་བྱེད་པ་མུ་མཐུད་དུ་སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་དང་ཞིབ་འཇུག་སློབ་མ་སོགས་ཀྱི་མཐོ་རིམ་སློབ་གྲྭའི་འཕྲིན་བརྒྱུད་སློབ་ཁྲིད་དུ་ཞུགས་རྒྱུར་སྐུལ་འདེད་བཏང་བ་རེད།

ལག་བསྟར་བྱ་རྒྱུ་དམ་འཛིན་བྱས་ནས་ཤེས་ལྡན་མི་སྣའི་འདེམས་སྒྲུག་བསྐོ་སྤྱོད་དང་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་བ།ཀུན་སྤྱོད་དང་སྤྱོད་ཡོན་གཉིས་ལྡན་གྱི་རྩ་དོན་ལྟར་གྲུབ་འབྲས་དངོས་ལ་གཞིགས་ནས་མི་བཀོལ་བ་རེད།ལོ་ངོ་གཅིག་ལྷག་གི་རིང་ལ།ཁྱོན་བསྡོམས་ཁྲུའུ་རིམ་པ་གཞོན་པའི་ལས་བྱེད་པ་མི་2འོས་སྦྱོར་བེད་སྤྱོད་བྱས་པ་དང་།ཁྲུའུ་རིམ་པ་གཞོན་པའི་ལས་བྱེད་པ་མི་1འོས་སྦྱོར་དང་ཕྱི་རོལ་ལ་སྤེལ་རེས་བྱས་ཤིང་།ཁའོ་རིམ་པ་གཞོན་པའི་ལས་བྱེད་པ་མི་3གནས་སྤར་བེད་སྤྱོད་བྱས་པ་རེད།གོང་གསལ་གྱི་ཤེས་ལྡན་མི་སྣའི་གསོ་སྐྱོང་སྐུལ་སློང་ལམ་ལུགས་ལ་བརྟེན་ནས།སྔར་ལས་ལྷག་པར་ལས་ཁུངས་ཀྱི་ལས་བྱེད་པའི་ལས་སྒྲུབ་བརྩོན་སེམས་སྐུལ་སློང་བྱས་པ་རེད།  ། 

  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་དམངས་སྲིད་ཅུས་ཀྱིས་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་རྒྱག་པ
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་གྱི་ཚན་རྩལ་ཆུ་ཚད་ཞིང་ཆེན་ཡོངས་ཀྱི་ཨང་བདུན་པའི་གྲས་སུ་ཚུད་པ།
  • དོ་སྣང་ཆེ་བའི་རྩོམ།