བདེ་ཆེན་ཁུལ་དམངས་སྲིད་ཅུས་ཀྱིས་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་རྒྱག་པ

    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།    2013-07-31

ཉེ་བའི་ལོ་འགར། ཡུན་ནན་ཞིང་ཆེན་བདེ་ཆེན་རང་སྐྱོང་ཁུལ་དམངས་སྲིད་སྡེ་ཁག་གིས་ནང་རྐྱེན་ཇེ་བཙན་དུ་གཏོང་བ་དང་། དོ་དམ་ལ་ཤུགས་སྣོན་རྒྱག་པ། ཚད་ལྡན་དུ་སྐུལ་སྤེལ་གཏོང་བ། ཞབས་ཞུ་སྤུས་ལེགས་ཞུ་བའི་རྩ་དོན་ལ་གཞིགས་ནས། གཉེན་སྒྲིག་ཐོ་འགོག་ཚད་ལྡན་ཅན་གྱི་དོ་དམ་བྱེད་པ་དང་། སློང་མོ་བའི་སྐྱོབ་རོགས་ནུས་པ་འཛུགས་སྐྱོང་། པུར་འཇུག་དུར་སྐྱེལ་བཅོས་བསྒྱུར་བཅས་ཀྱི་སྤྱི་ཚོགས་ལས་དོན་དོ་དམ་ལ་དམ་འཛིན་བྱས་ནས། དམངས་སྲིད་ཀྱི་ཞབས་ཞུ་ཁྱབ་ཁོངས་ཇེ་ཆེར་བཏང་བ་དང་། སྤྱི་ཚོགས་ལས་དོན་གྱི་དོ་དམ་ནང་རྐྱེན་གསར་གཏོད་བྱས་ཏེ་ཁུལ་ཡོངས་ཀྱི་དམངས་སྲིད་ལས་དོན་གྱི་སྤྱི་ཁྱབ་ཆུ་ཚད་མཐོར་འདེགས་བཏང་བ་རེད།

བདེ་ཆེན་ཁུལ་དམངས་སྲིད་སྡེ་ཁག་གིས་དངོས་ཡོད་དང་བསྟུན་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་ཆེས་དམའི་འཚོ་བའི་འགན་སྲུང་དང་། འགན་སྲུང་ལྔ་ལྡན་གྱི་བགྲེས་སོང་། སློང་མོ་བ། དྭ་ཕྲུག་བཅས་སྐྱོབ་རོགས་བྱ་ཡུལ་ལ་དྲོད་འཁོལ་ལྡན་པའི་སྐྱོབ་རོགས་ཞབས་ཞུ་བྱས་པ་རེད། དམངས་སྲིད་ལས་བྱེད་པའི་བྱ་སྤྱོད་ཚད་གཞི་དང་། སྐྱོབ་རོགས་ལས་ཀའི་ཚད་ལྡན་བརྒྱུད་རིམ་བཅས་ལམ་ལུགས་གཏན་འབེབས་བྱས་ནས། སྐྱོབ་རོགས་དོ་དམ་ལས་སྒོའི་གསོ་སྦྱོང་སྤེལ་བ་དང་། སྐྱོབ་རོགས་ལས་ཀའི་ལས་སྒོའི་ལག་དེབ་འགྲེམ་སྤེལ་བྱས་པ། དུས་མཚུངས་སུ་གོམ་གང་མདུན་སྤོས་ཀྱིས་དགེ་བའི་རྩ་འཛུགས་ཀྱི་འཁོར་སྐྱོད་ནང་རྐྱེན་འཐུས་ཚང་དུ་བཏང་ཡོད་དེ་དགེ་བའི་ལས་ཀར་གསང་བ་མེད་པར་སྐུལ་བ་དང་། དགེ་བའི་རྩ་འཛུགས་ཀྱིས་ཞལ་འདེབས་བསྡུས་བ་དང་། ཉམས་ཞན་མང་ཚོགས་ལ་རོགས་སྐྱོབ་བྱས་པ། སྤྱི་ཚོགས་འགལ་བ་འདུམ་སྦྱོར་བྱས་པ། སྤྱི་ཚོགས་འཆམ་མཐུན་ལ་སྐུལ་བའི་བྱེད་ནུས་མཁོ་འདོན་འདང་ངེས་བྱས་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་གི་ཐུགས་འཁུར་དངོས་སུམ་དུ་མྱོང་ཐུབ་པ་རེད།

ཕྱོགས་ཡོངས་སུ་2013ལོའི་དམངས་སྲིད་ལས་དོན་གྱི་དམིགས་ཡུལ་ཁག་སྒྲུབ་ཚར་ཆེད། དམངས་སྲིད་ཅུས་ཀྱིས་ད་ལོའི་ཟླ་5པ་ནས་ཟླ་6འིཔ་བར་ཅུས་འགོ་ཁྲིད་ཀྱིས་སྣེ་ཁྲིད་པ་དང་། སྤྱི་ཚོགས་སྐྱོབ་རོགས་ཁུའུ་དང་། སྤྱི་ཚོགས་ལས་དོན་ཁོ། བསྡོད་གནས་བཀོད་སྒྲིག་ཁོ། གོད་སྐྱོབ་ཁོ། བགྲེས་སོང་ལས་དོན་གཞུང་ལས་ཁང་བཅས་ཀྱི་འགན་ཁུར་བ་དང་ལས་བྱེད་པ་འདེམས་བསྐོ་བྱས་ནས་སེམས་ཀྱི་ཉི་ཟླ་རྫོང་དང་། འཇོལ་རྫོང། འབའ་ལུང་རྫོང་གི་དམངས་སྲིད་ཅུས་སུ་ཕྱིན་ནས་ཆེད་དོན་ཞིབ་འཇུག་བྱས་པ་དང་། སྙན་ཞུར་ཉན་ཞིང་དཔྱད་གཞི་བལྟས་ཏེ། ཕྱོགས་ཡོངས་སུ་སྤྱི་ཚོགས་དོ་དམ་ལས་དོན་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་རེད།

བསྡོམས་རྩིས་ལྟར་ན། ད་ལོའི་ཟླ་5པའི་བར་དུ། བདེ་ཆེན་ཁུལ་དུ་དམངས་སྲིད་སྡེ་ཁག་གིས་ཆོག་མཆན་ཐོ་འགོད་བྱས་པའི་སྤྱི་ཚོགས་རྩ་འཛུགས་286ལ་ཟིན། དེ་ལས་ཚོགས་པ་269ཡོད། ཁུལ་ཡོངས་སུ་དྭ་ཕྲུག་231ཡོད། ན་ནིང་ལོར་ཁུལ་དམངས་སྲིད་ཅུས་སྤྱི་ཚོགས་ལས་དོན་ཁོ་ཡིས་རྫོང་གསུམ་གྱི་དྭ་ཕྲུག་གི་འཚོ་བའི་གཞི་རྩའི་ཁག་ཐེག་རོགས་རམ་གསབ་དངུལ་སྒོར་ཁྲི་143.52མར་སྤྲོད་པ་རེད།  ། 

  • ལེ་ཚན་སྔོན་མ།:སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་གིས་བདེ་འཇགས་དང་ཞབས་ཞུའི་འགྲན་བསྡུར་བྱས་པ།
  • ལེ་ཚན་རྗེས་མ།:སྐབས་བཅུ་གཅིག་པའི་བདེ་ཆེན་ཁུལ་སྲིད་གྲོས་ཀྱིས་ཤེས་ལྡན་མི་སྣའི་གསོ་སྐྱོང་ལ་མཐོང་ཆེན་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།