ཆབ་མདོ་ས་ཁུལ་གྱིས་ཚན་རྩལ་གསར་གཏོད་དང་མཛེས་སྡུག་ལྡན་པའི་འཚོ་བ་ཞེས་པའི་དྲིལ་སྒྲོག་བྱེད་སྒོ་སྤེལ།

    བོད་ལྗོངས་འཕྲིན་དྲྭ།    2013-05-31

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས་བོད་ལྗོངས་ཆབ་མདོ་ས་ཁུལ་ཚན་རྩལ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྒྱ་ཆེའི་སྤྱི་འབངས་ཀྱི་ཚན་རྩལ་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། རྒྱ་ཆེའི་གཞོན་ནུ་ཚོས་ཚན་རིག་སྦྱང་པ་དང་བེད་སྤྱོད་བྱེད་པ། ཚན་རིག་ལ་དགའ་ཞེན་བྱེད་པ་བཅས་ཀྱི་སྤྲོ་སེམས་འཕེལ་བ་བྱས་ཏེ་བྱ་གཞག་གཏོད་པའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད། ཆབ་མདོ་ས་ཁུལ་གྱིས་ཚན་རྩལ་གསར་གཏོད་དང་མཛེས་སྡུག་ལྡན་པའི་འཚོ་བ་ཞེས་བརྗོད་བྱ་གཙོ་བོར་བྱས་པའི་ཚན་རྩལ་གཟའ་འཁོར་གྱི་ཚན་རིག་ཁྱབ་གདལ་དང་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ་རེད།

བསྡོམས་བརྩིས་བརྒྱབ་པར་གཞིགས་ན། དྲིལ་བསྒྲགས་བྱེད་སྒོའི་ནང་དྲིལ་བསྒྲགས་དཔྱད་གཞི5000ཙམ་སྤྲད་པ་དང་འགྲེམས་སྟེགས50བཙུགས་པ། འཕྲེད་འགེལ་པར་རིས100བཀལ་བ་བཅས་བྱས་པས། ཕན་པ་ཐོབ་མཁན1000ལྷག་ཟིན་ཡོད་པ་རེད།  །

  • ལེ་ཚན་སྔོན་མ།:ཆབ་མདོ་ས་ཁུལ་གྱིས་ཆབ་མདོ་བཅིངས་འགྲོལ་ཐང་ཆེན་གྱི་གཙོ་དོན་ཇུས་འགོད་སྐོར་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།
  • ལེ་ཚན་རྗེས་མ།:ཆབ་མདོ་ས་ཁུལ་གྱིས་གཞོན་ནུར་ལས་སྐྲུན་དང་བྱས་རྗེས་འཇོག་རྒྱུར་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།