(བཀྲ་ཤིས་དང་དབྱང་ཡན་ནས།) 2013-10-23
ཟླ་བ10པའི་ཚེས22ཉིན།སྐབས་བདུན་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་ཁམས་པའི་རིག་གནས་གླེང་སྟེགས་ཆབ་མདོ་ལ་འཚོགས།དཀར་མཛེས་དང་ཡུལ་ཤུལ།བདེ་ཆེན་བཅས་ནས་ཡོང་བའི་སྒྱུ་རྩལ་པ་དང་བོད་རིག་པ་བ་རྣམས་ཚོགས་འདུ་ལ་ཞུགས་པ་རེད།གླེང་སྟེགས་འཚོགས་པའི་དམིགས་ཡུལ་ནི་ཁམས་པའི་རིག་གནས་ཀྱི་གྲུབ་རྐྱེན་ལ་བགྲོ་གླེང་དང་།ཁམས་པའི་རིག་གནས་སྔོག་འདོན་དང་བཙོ་སྦྱངས་བྱས་ཤིང་གྲུབ་འབྲས་འགྲེམ་སྟོན་བྱས་ཏེ་རིག་གནས་འཕེལ་རྒྱས་ཀྱིས་ཁམས་ཁུལ་གྱི་དཔལ་འབྱོར་ལ་ཞབས་འདེགས་ཞུ་དགོས་པ་དང་།ཚོགས་འདུའི་ཐོག་ལ་བོད་རིག་པ་བ་དང་སྒྱུ་རྩལ་པ་རྣམས་ཀྱིས་མུ་མཐུད་ནས་ཁམས་པའི་རིག་གནས་ལ་ཞིབ་འཇུག་དང་སྡུད་སྒྲིག་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོར་གཏོང་བ་དང་ཁམས་ཁུལ་གྱི་རིག་གནས་དང་དཔལ་འབྱོར།ཆབ་སྲིད་བཅས་ཕྱོགས་ཡོངས་ལ་ཡར་རྒྱས་ཡོང་བར་བྱེད་དགོས་པའི་རེ་བ་བཏོན་ཡོད།གླེང་སྟེགས་ཐོག་ལ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་མི་རིགས་རྩོམ་རིག་ཞིབ་འཇུག་སུའོ་ཡི་སློབ་དཔོན་ཆེན་མོ་འཇམ་དཔལ་རྒྱ་མཚོ་དང་བོད་ལྗོངས་རོལ་དབྱངས་པ་མཐུན་ཚོགས་ཀྱི་ཀྲུའུ་ཞི་སྨོན་ལམ་རྡོ་རྗེ།སི་ཁྲོན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་སྐལ་བཟང་ཡེ་ཤེས་བཅས་གདན་དྲངས་ནས་ཁམས་པའི་རིག་གནས་ཀྱི་འཆད་ཁྲིད་གནང་བ་རེད། གླེང་སྟེགས་ཐོག་ལ་དཀར་མཛེས་དང་ཡུལ་ཤུལ།བདེ་ཆེན་བཅས་ཁུལ་གསུམ་གྱི་འཐུས་མི་ལ་༼བོད་ཀྱི་རོལ་དབྱངས་གླུ་གར་རིག་གནས་གླེང་སྟེགས་སྐབས་དང་པོའི་དཔྱད་རྩོམ་ཕྱོགས་སྒྲིག༽་ཅེས་པའི་དེབ་ཕུལ་བ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10