ཁུལ་ནང་བསྟན་མཐུན་ཚོགས་སྐབས་བདུན་པས་ཐེངས་བརྒྱད་པའི་རྒྱས་འཛོམས་གྲོས་ཚོགས་འཚོགས།

སྒྲོལ་མ་ཚེ་མཚོས།        2013-10-21

ཁུལ་ནང་བསྟན་མཐུན་ཚོགས་དབུ་བརྙེས་ནས་ལོ50འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་གོ་སྐབས་དང་བསྟུན་ནས་གང་འདྲ་བྱས་ནས་ཡུན་རིང་འོད་སྟོང་འཕྲོ་བའི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་ལུགས་དང་།རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་བློ་རིག་འདོན་ཆེད།ཟླ་བ10པའི་ཚེས17ཉིན་གྱི་ཕྱི་དྲོར།ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་བདུན་པས་ཐེངས་བརྒྱད་པའི་རྒྱས་འཛོམས་གྲོས་ཚོགས་དར་མདོ་རུ་འཚོགས་པ་རེད།
    ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རྒྱལ་བསྟན་བློ་བཟང་བྱམས་པས་གསུངས་རྒྱུར།དང་ཐོག་ཁུལ་ཨུའི་དང་ཁུལ་སྲིད་གཞུང་གིས་ནང་བསྟན་མཐུན་ཚོགས་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བར་བཀའ་དྲིན་བླ་ན་མེད་པ་ཆེ་ཞུས་རྒྱུ་ཡིན་པར་མ་ཟད།ད་རུང་རྒྱ་ཆེའི་སྐྱེས་ཆེན་དམ་པ་རྣམས་རང་གི་དགོན་པ་ཕར་ཕེབས་རྗེས་ཁུལ་ནང་བསྟན་མཐུན་ཚོགས་དབུ་བརྙེས་ནས་ལོ50འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་དང་ཞིང་ཆེན་ཆོས་ལུགས་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབྱང་པའེ་མིང་རྣམ་གཉིས་ཀྱི་གསུང་བཤད་ཀྱི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་ལེན་བསྟར་ནན་ཏན་བྱས་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་བྱ་བ་མང་ཙམ་སྒྲུབ་དགོས་པ་དང་།རྒྱལ་བདེ་དམངས་སྐྱིད་དང་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་ཡོང་བའི་ཆེད་དུ་ང་ཚོས་དམ་ཆོས་དར་ཞིང་སྐྱེ་དགུར་ཕན་པ་དང་ནང་བསྟན་ཕུལ་བྱུང་གི་རིག་གནས་རྒྱུན་འཛིན་དང་དར་སྤེལ།འགྲོ་བ་སེམས་ཅན་ཐམས་བཅད་བདེ་འགོད་ཡོང་བའི་ཕྱག་ལས་མང་སྒྲུབ་བྱེད་པ་དང་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་བདེ་སྐྱིད་ལྡན་པའི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད།
    ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཚངས་དགའ་ཚུལ་ཁྲིམས་ཀྱིས་ཁུལ་དང་རྫོང་ནང་བསྟུན་མཐུན་ཚོགས་ཀྱིས་ངེས་པར་དུ་ཞིང་ཆེན་དང་ཁུལ་གྱི་འགོ་ཁྲིད་ཀྱི་མཛུབ་སྟོན་སྙིང་དོན་ནན་ཏན་གྱིས་སློབ་སྦྱོང་ལག་ལེན་བསྟར་ནས་འབྲེལ་ཟམ་ཡག་པོ་བྱེད་པ་དང་ཆོས་དོན་དམ་འཛིན་བྱེད་དགོས།ཞབས་ཕྱི་ཡག་བསྒྲུབ་རྒྱུའི་དམིགས་ཡུལ་ལ་གཞིགས་ནས་ཐོག་མཐའ་བར་གསུམ་དུ་ཏང་ལ་བློ་གཅིག་སེམས་གཅིག།བློ་སེམས་མཉམ་གཏད།སྐྱིད་སྡུག་མཉམ་མྱོང་བྱས་ནས་རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣ་སྣེ་ཁྲིད་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་པར་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན་པ་རེད།
    ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཁུལ་ཆོས་ལུགས་ཅུས།ཁུལ་རྫོང་ནང་བསྟན་མཐུན་ཚོགས་བཅས་འབྲེལ་ཡོད་འགན་ཁུར་མི་སྣ་ཚོགས་འདུའི་ནང་ཞུགས་ཡོད་པ་རེད།
  • ལེ་ཚན་སྔོན་མ།: ཞི་ཅིན་ཕིང་གིས་ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པར་བཀའ་སློབ་གནང་།
  • ལེ་ཚན་རྗེས་མ།:སྐབས་བདུན་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་དམངས་ཁྲོད་ལུས་རྩལ་འགྲན་བསྡུར།
  • དོ་སྣང་ཆེ་བའི་རྩོམ།