བརྒྱད་ཟིལ་རྫོང་གིས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྨན་བཅོས་འགན་སྲུང་ལས་ཀ་ཡག་པོ་སྤེལ།
བདེ་ཆེན་དང་ཨོ་རྒྱན། 2012-07-06
ལོ་སྟོད་དུ།བརྒྱད་ཟིལ་རྫོང་གིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་གཞི་རྩའི་སྨན་བཅོས་འགན་སྲུང་ནང་ཞུགས་པའི་མི4175ཡོད་པས།སྨན་བཅོས་འགན་སྲུང་ནང་ཞུགས་པའི་མི་རྣམས་ཀྱིས་སྨན་ཁང་ནང་སྡོད་པའི་རིན་པ་སྒོར་ཁྲི418དགོས་པས་འགྲོ་སོང་རྩིས་ཞུ་མ་དངུལ་སྒོར་ཁྲི310ཡོད་པ།གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་སྨན་བཅོས་འགན་སྲུང་ནང་ཞུགས་པའི་མི5881ཡོད་པས་སྨན་བཅོས་འགན་སྲུང་ནང་ཞུགས་པའི་མི་རྣམས་ཀྱིས་སྨན་ཁང་ནང་སྡོད་པའི་འགྲོ་སོང་མ་དངུལ་སྒོར་ཁྲི59.89དགོས་པས་འགྲོ་སོང་རྩིས་ཞུ་མ་དངུལ་སྒོར་ཁྲི33.02ཡོད།