སྨན་རིན་ཉུང་དུ་བཏང་ནས་ནད་པར་དངོས་ཕན་ཐོབ།
དཀུན་དགས་བསྒྱུར། 2012-05-08
སྨན་ཁང་གི་ཞབས་ཞུ་ལེགས་པ་དང་ནད་བསྟེན་ན་ཕན་འབྲས་བཟང་བས་ཨ་ཕྱི་རྒན་མོ་ང་སྨན་ཁང་དུ་ཡོང་གྲངས་ཀྱང་མང་དུ་སོང་།མིག་སྔར།གསར་འགོད་པ་ཁུལ་སྨན་ཁང་གི་རྒྱ་སྨན་དངོས་ལུགས་ཚན་ཁག་ནང་ཡོང་སྐབས་ནད་བསྟེན་བཞིན་པའི་ཨ་ཕྱི་གངས་ལྷས་དགའ་སྤྲོའི་ངང་ནས་དེ་ལྟར་བཤད།ཨ་ཕྱི་གངས་ལྷ་ད་ལོར་ལོ་ན58ལ་སོན་ཞིང་གསེར་ཤུལ་ནས་ཡོང་བའི་འབྲོག་པ་ཞིག་ཡིན།དུས་ཡུན་རིང་པོར་མཐོ་སྒང་དུ་འཚོ་བ་སྐྱེལ་བས་མཐོ་སྒང་རང་བཞིན་གྱི་གྲུམ་བུའི་ནད་ཕོག་པ་རེད།གནམ་གཤིས་དྲོ་གྲང་ཅུང་ཙམ་འགྱུར་ཚེར་རྐང་པ་གཉིས་ཀའི་གྲུམ་བུའི་ནད་ཀྱང་བཟོད་དཀའ་བར་གྱུར།སྔོན་མར་སྨན་རིན་ཆེ་སྟབས་ཟུག་གཟེར་ཅི་འདྲ་ཆེ་ཡང་མི་བཟོད་ཀ་མེད་ཡིན་ལ།ད་ལྟར་མཚོན་ན་སྨན་ཁང་དུ་དུས་རྒྱུན་ཡོང་བའི་འགྲོན་པོར་གྱུར།ཨ་ཕྱི་གངས་ལྷས་སྨྱུག་འཛིན་པར་བཤད་རྒྱུར།སྨན་བཅོས་བཅོས་བསྒྱུར་བྱས་རྗེས་སྨན་རྫས་ལ་ཁེ་བཟང་མེད་པ་བྱས་པ་དང་སྨན་རིན་ཉུང་དུ་བཏང་བས་སྨན་ཁང་དུ་ཡོང་ཕོད་པར་གྱུར།སྔོན་མར་སྨན་བཅོས་ཐེངས་གཅིག་དང་སྨན་ཐེངས་གཅིག་ཉོས་ན་མ་མཐར་ཡང་སྒོར་བརྒྱ་ལྷག་ཙམ་འགྲོ་སོང་སྤྲོད་དགོས།ད་ལྟར་སྨན་རྫས་ལ་ཁེ་སྤོགས་མེད་པའི་སྲིད་ཇུས་ལག་བསྟར་བྱས་རྗེས།རྣམ་པ་གསར་པའི་ཞིང་སྡེའི་མཉམ་ལས་སྨན་བཅོས་ཀྱི་གྲོན་དངུལ་སྒོར་བཅོ་ཚོ་ཁ་ཤས་ལས་མི་དགོས།སྨན་བཅོས་ཀྱི་རིན་གོང་ཡང་ཉུང་དུ་ཕྱིན་ནས་སྨན་ཁང་དུ་ནད་བསྟན་སར་འགྲོ་ཕོད་པ་གྱུར།ནད་ཕོག་ན་ཚང་མ་སྨན་ཁང་དུ་ནད་བསྟེན་ས་འགྲོ་རྒྱུ་དེ་སྨན་ཁང་གི་ཆ་རྐྱེན་ལེགས་སུ་གཏོང་ཟིན་པ་ཀྱང་པའི་ཆེད་དུ་མ་ཡིན།སྨན་ཁང་གི་སྨན་བཅོས་སྒྲིག་ཆས་ཚང་མ་གསར་པ་བྱས་རྗེས་ཟིན་སྟབས་ང་སྨན་ཁང་དུ་ཁམས་བདེའི་སྨན་བཅོས་བྱེད་སར་ཡོང་བ་ཡིན་ཞེས་ཨ་ཕྱི་རྒན་མོས་ངོ་སྤྲོད་བྱེད་སྐབས་གསར་འགོད་པས་དངོས་ལུགས་ཚན་ཁག་ནང་གི་ཁབ་བཙའི་ཉལ་ཁྲི་དང་།དངོས་སྤྱད་གསོ་ཐབས་ཀྱི་གློག་སྒྲོན་སོགས་སྒྲིག་བཀོད་ཆ་ཚང་ཡོད་པ་མཐོང་།ཁུལ་སྨན་ཁང་གི་སྨན་རིན་ལེན་སར་ལིང་གྲིབ་ནད་གཤགས་བཅོས་བྱས་ཟིན་པའི་ཨ་ཕྱི་ཐང་ལགས་ཀྱིས་སྨན་འཛིན་ཞིག་བླངས་ནས་གསར་འགོད་པར་བཤད་རྒྱུར།མོའི་བཤགས་བཅོས་བྱེད་ཡས་ཀྱི་སྨན་རིན་ཁྱོན་བསྡོམས་སྒོར་3451ཡིན་པ་དང་།སྨན་ཁང་དུ་ཐོག་མར་སྡོད་དུས་སྨན་བཅོས་འགྲོ་གྲོན་སྒོར་2000ཡིན།རྣམ་པ་གསར་པའི་ཞིང་སྡེའི་མཉམ་ལས་སྨན་བཅོས་སུ་འགྲོ་སོང་རྩིས་ཞུ་བྱས་རྗེས་ད་དུང་སྒོར600ཕྱིར་སྤྲད་བྱུང་།ཨ་ཕྱི་ཐང་ལགས་ནི་དར་མདོ་རྫོང་གི་འདུས་ཁུལ་གྲོང་རྡལ་གཉིས་པའི་དམངས་སྲིད་སྡེ་ཁག་གི་མ་མཐའི་འཚོ་བརྟེན་འགན་སྲུང་གི་དུད་ཚང་ཡིན།དམངས་སྲིད་སྡེ་ཁག་གིས་ད་དུང་ཨ་ཕྱི་ཐང་ལགས་ལ་སྨན་བཅོས་རོགས་དངུལ་སྒོར་680རྩིས་ཞུ་བྱས་པ་རེད།མཐར་ཨ་ཕྱི་ཐང་ལགས་ལིང་གྲིབ་བཤགས་བཅོས་བྱེད་ཡས་སྒོར་རྒྱ་ཚོ་ཁ་ཤས་ལས་སྤྱོད་དགོས་བྱུང་མེད་པ་རེད།