ད་ལོའི་དུས་ཚིགས་དང་པོར་རང་ཁུལ་གྱི་ལས་ཞུགས་ལས་ཀ་བདེ་བླག་ངང་འཕེལ་རིམ་བྱུང་།
ཡེ་ཤེས་མགོན་པོ། 2012-04-24
དཀར་མཛེས་ཁུལ་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱུང་རྒྱུར།ད་ལོའི་དུས་ཚིགས་དང་པོའི་ནང་འབྲེལ་ཡོད་སྡེ་ཁག་གིས་གྲོང་ཁྱེར་དུ་གླ་རྒྱག་ས་དང་ཁྱོད་ལ་དཀའ་ངལ་ཐག་གཅོད་རོགས་བྱ་རྒྱུས་བརྗོད་བྱ་གཙོ་བོ་བྱེད་པའི་རོགས་སྐྱོར་བྱེད་སྒོ་སྤེལ་ནས་ལས་ཞུགས་ལས་ཀར་སྐུལ་སྤེལ་བཏང་བ་རེད། དེ་དང་ཆབས་ཅིགཞིང་སྡེའི་ངལ་རྩོལ་མི་ལག་ལྷག་མ་སྤོ་སྒྱུར་བྱས་ནས་ལས་ཞུགས་བྱ་རྒྱུའི་ལས་ཀ་ཡག་པོ་བསྒྲུབས་ནས་དྲིལ་བསྒྲགས་ཡིག་རིགས10000ལྷག་ཙམ་བཀྲམ་པ་དང་།སྲིད་ཇུས་བློ་འདྲི་བྱེད་མཁན་གྱི་མིའི་ཐེངས་གྲངས3000ལྷག་ཙམ་སྣེ་ལེན་བྱས་ཡོད།ལས་ཞུགས་བྱེད་སར་རོགས་སྐྱོར་བྱེད་པའི་བྱེད་སྒོ་སྤེལ་མཐར་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་བྱེད་མཁན་གྱི་མི1489གསར་སྣོན་བྱུང་བ་དང་།གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཀ་ཤོར་མཁན་ཐོ་འགོད་བྱེད་ཚད་བརྒྱ་ཆ4.2ནང་ཚོད་འཛིན་ཐུབ་པ་དང་ལས་ཞུགས་བྱེད་མཁན་གཏན་ནས་མེད་མཁན་གྱི་ཁྱིམ་ཚང་མེད་པ་བཟོས་ཐུབ་ཡོད།
རྨང་གཞི་དེའི་ཐོག་རིགས་སྣ་ཚོགས་ཀྱི་གསོ་སྦྱོང་འཛིན་གྲྭ་ཐེངས12འཛུགས་གཉེར་བྱས་ཏེ་གསོ་སྦྱོང་ཐེབ་པའི་མིའི་ཐེངས་གྲངས948ལ་ཟིན་པ་དང་མི་ཁྲི1.2ལ༼ལས་ཞུགས་ལས་ཤོར་ཐོ་འགོད་ལག་ཁྱེར༽སྒྲུབ་གཉེར་བྱས་པ་དང་།དགུ་ཐོག་གསུམ་བསྣན་གྱི་སློབ་གསོ་འཆར་གཞིའི་སློབ་མར་ལས་ཞུགས་བྱ་རྒྱུར་སྐུལ་སྤེལ་བྱེད་པའི་བྱེད་སྒོ་སྤེལ་ནས་སློབ་མཐར་ཕྱིན་པའི་སློབ་མ483བདེ་བླག་ངང་ནས་ལས་ཞུགས་བྱེད་ཐུབ་ཡོད་པ་རེད།