སི་ཁྲོན་འཁོར་སྐར་བརྙན་འཕྲིན་གྱིས་རོང་བྲག་ཡུལ་སྲོལ་ཆེད་བསྒྲིགས་བཟོས།

        2012-02-20

ཉེ་ཆར་སི་ཁྲོན་འཁོར་སྐར་བརྙན་འཕྲིན་ཁང་གི་པར་ལེན་བཟོ་སྐྲུན་ཚོ་ཆུང་རང་ཁུལ་གྱི་རོང་བྲག་རྫོང་དུ་རྒྱལ་རོང་བོད་རིགས་ཀྱི་ཁང་སྟོན་ཡུལ་སྲོལ་པར་བླངས་ནས་གསར་འགྱུར་ཆེད་བསྒྲིགས་ལེ་ཚན་བཟོས་པ།དུས་ཡུན་ཉིན་གསུམ་གྱི་པར་ལེན་ནང་རོང་བྲག་རྫོང་གི་བྲག་སྟེང་ཤང་གི་ལུའུ་ཨ་མོ་ཚང་གི་སྡོད་ཁང་གསར་པར་སྤོ་ཚུལ་མགོ་ནས་མཇུག་བར་ཞིབ་མོ་པར་ལེན་ནས་བརྙན་འཕྲིན་ཆེད་བསྒྲིགས་ལེ་ཚན་བཟོས་ནས་བརྙན་འཕྲིན་ཐོག་ནས་རྒྱལ་མོ་ཚ་བ་རོང་གི་གཞན་དང་མི་འདྲ་བའི་མི་ཆོས་ཀྱི་གོམས་སྲོལ་གསལ་པོ་སྟོན་རྒྱུ།སྡོད་ཁང་གསར་སྤོ་བྱེད་མཁན་ཚང་གི་བདག་མོ་ལུའུ་ཨ་མོས་རང་ཉིད་ཀྱི་ལྗོངས་རྒྱུ་སྣེ་ལེན་བྱས་ནས་ལོ10རིང་ལ་ཡོང་འབབ་ལོ་རེར་བཞིན་འཕར་བས།མིག་སྔར་ཆ་སྙོམས་ལོ་རེར་ཡོང་འབབ་སྒོར་ཁྲི20ལྷག་ཙམ་ཡོད།ཉེ་དུས་སུ་རོང་བྲག་རྫོང་དུ་ཡུལ་སྐོར་ལྗོངས་རྒྱུ་ཡོང་མཁན་རྒྱུན་ཆད་མེད་པར་ཇེ་མང་ཡོང་བས།སྣེ་ལེན་ནུས་པ་མི་འདང་བར་བརྟེན།ད་ལོར་ལྗོངས་རྒྱུ་བ100ལྷག་ཙམ་སྣེ་ལེན་ཐུབ་པའི་སྣེ་ལེན་ཁང་གསར་པ་ཞིག་བརྒྱབ་ཡོད་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན།གསར་འགྱུར་ཆེད་བསྒྲིགས་ལེ་ཚན་དེ་ཉེ་དུས་ཀྱི་སི་ཁྲོན་འཁོར་སྐར་བརྙན་འཕྲིན་ཁང་དང་སི་ཁྲོན་འཁོར་སྐར་རྒྱལ་ཕྱིའི་བརྒྱུད་ལམ།ཁམས་པའི་འཁོར་སྐར་བོད་སྐད་བརྙན་འཕྲིན་བཅས་ཀྱི་ཐོག་གཏོང་རྒྱུ་རེད།
  • ལེ་ཚན་སྔོན་མ།:ཁམས་པའི་བོད་སྐད་བརྙན་འཕྲིན་ཁང་གིས་བོད་ཀྱི་ལོ་གསར་དགོང་ཚོགས་ཟླ2པའི་ཚེས21ཉིན་གྱི་དགོང་མོར་གཏོང་རྒྱུ་རེ
  • ལེ་ཚན་རྗེས་མ།:རང་རེའི་ཞིང་ཆེན་གྱིས་འབྲོག་ཁུལ་མཆོང་རྒལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་མགྱོ གས་པོ་བཏང་ནས2020ལོར་སླེབས་དུ
  • དོ་སྣང་ཆེ་བའི་རྩོམ།