འདབ་པ་རྫོང་གིས་ཡུལ་སྐོར་ལས་སྒྲུབ་མི་སྣར་གསོ་སྦྱོང་བྱས།

སྒྲོལ་མ་ལྷ་མཚོས་བསྒྱུར།        2011-05-26

ཉེ་ཆར།འདབ་པ་རྫོང་གིས་སི་ཁྲོན་ཨོའུ་ཡ་དཀར་མཛེས་འབྲིང་རིམ་ལས་རིགས་སློབ་གྲྭ་དང་མཉམ་འབྲེལ་བྱས་ནས་ཉིན་སྟེང་ལྗོངས་རྒྱུ་ས་ཁུལ་གྱི་རྟ་པ་ལས་རིགས་ཞབས་ཞུ་མི་སྣ་དང་།ཟ་ཁང་དང་མགྲོན་ཁང་ཆེན་པོའི་ཞབས་ཞུ་མི་སྣ་སོགས་གཅིག་བསྡུས་ཀྱིས་གསོ་སྦྱོང་བྱས་པ་རེད།
     རྫོང་དེས་“ཁུལ་ཡོངས་ཀྱི་ཡུལ་སྐོར་རྫོང་ཆེན་དང་།ཁམས་ལྷོའི་དཔལ་འབྱོར་ཤུགས་ལྡན་རྫོང”བསྐྲུན་པའི་དམིགས་ཡུལ་ལ་དམ་པོ་གཞིགས་ནས།སི་ཁྲོན་ཨོའུ་ཡ་དཀར་མཛེས་འབྲིང་རིམ་ལས་རིགས་སློབ་གྲྭ་དང་མཉམ་འབྲེལ་བྱས་ནས《འདབ་པ་རྫོང་གི་2010ལོའི་ཉིན་སྟེང་ལྗོངས་རྒྱུ་ས་ཁུལ་གྱི་ངལ་རྩོལ་པ་ལས་སྒྱུར་གསོ་སྦྱོང་གི་ལག་བསྟར་འཆར་གཞི》གཏན་འབེབས་བྱས་པ།འཆར་གཞིར་དམིགས་ནས་ཉིན་སྟེང་ལྗོངས་རྒྱུ་ས་ཁུལ་གྱི་རྟ་པ་ལས་རིགས་ཀྱི་ཞབས་ཞུ་མི་སྣ་དང་།ཟ་ཁང་དང་མགྲོན་ཁང་ཆེན་པོའི་ཞབས་ཞུ་མི་སྣ་སོགས་ལྗོངས་རྒྱུའི་ཞབས་ཞུ་མི་སྣ་ཁྱོན་བསྡོམས་470་གཅིག་བསྡུས་བྱས་ནས་གསོ་སྦྱོང་བྱས་པར་མ་ཟད།ད་དུང་སློབ་མ་50བདམས་ནས་ཁྲེང་ཏུའུ་རུ་གསོ་སྦྱོང་དང་ཡུན་ནན་དུ་ལྟ་སྐོར་ཞིབ་དཔྱད་མངགས་པ་རེད།
     ཐེངས་འདེའི་གསོ་སྦྱོང་གི་ནང་དོན་གཙོ་བོ་ནི་སྣེ་ལེན་གྱི་གུས་སྲོལ་དང་།ཞབས་ཞུ་བྱེད་ལུགས།ཁོར་ཡུག་གཙང་སྦྲ།ལྗང་འགྱུར་སོགས་ཡོད་པ།གསོ་སྦྱོང་མཇུག་སྒྲིལ་རྗེས།དཔྱད་ཞིབ་ཚད་ལོན་པའི་སློབ་མར་《ཡུལ་མི་སྡོད་ཁང་དུ་ལྗོངས་རྒྱུ་བར་སྣེ་ལེན་བྱ་རྒྱུའི་གསོ་སྦྱོང་བྱས་ཚར་བའི་དུད་ཚང་》གྱི་ལག་ཁྱེར་གཏོང་སྤྲོད་བྱས་པ།

  • ལེ་ཚན་སྔོན་མ།:《རྒྱལ་མོ་ཚ་བ་རོང་གི་བུ་མོའི་ཉམས་འགྱུར་དངོས་མཚོན་པ》སོགས་ཀྱི་འཁྲབ་ཚན་འཁྲབ་སྟོན་བྱ་རྒྱུ།
  • ལེ་ཚན་རྗེས་མ།:དཀར་མཛེས་བོད་ཁུལ་གྱིས་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་༩༠འཁོར་བར་རྟེན་འབྲེལ་ཞུ།
  • དོ་སྣང་ཆེ་བའི་རྩོམ།