《རྒྱལ་མོ་ཚ་བ་རོང་གི་བུ་མོའི་ཉམས་འགྱུར་དངོས་མཚོན་པ》སོགས་ཀྱི་འཁྲབ་ཚན་འཁྲབ་སྟོན་བྱ་རྒྱུ།
སྒྲོལ་མ་གཡང་མཚོས་བསྒྱུར། 2011-05-26
རང་ཁུལ་གྱིས་སྐབས་གསུམ་པའི་ཀྲུང་གོ་ཁྲེང་ཏུའུ་རྒྱལ་སྤྱིའི་དངོས་པོ་མིན་པའི་རིག་གནས་ཤུལ་བཞག་དུས་ཆེནགྱི་སྐབས་སུ་འཁྲབ་ཚན་འཁྲབ་སྟོན་བྱ་རྒྱུའི་གཏན་འཁེལ་བྱས།《ཤར་ཕྱོགས་ཀྱི་བུ་མོའི་ཉམས་འགྱུར་དངོས་མཚོན་པ》དང་།རོང་བྲག་གི་རྒྱལ་རོང་སྐོར་བྲོ།ཁམས་པའི་ཕོ་གསར་ཞེས་པའི་ཞབས་བྲོ་བཅས་འཁྲབ་ཚན10ལྷག་ཙམ་ཁྲེང་ཏུའུ་དངོས་པོ་མིན་པའི་རིག་གནས་ཤུལ་བཞག་ཞེས་པའི་དུས་ཆེན་གྱི་སྐབས་སུ་འཁྲབ་སྟོན་བྱ་རྒྱུ་རེད།
སྐབས་གསུམ་པའི་ཀྲུང་གོ་ཁྲེང་ཏུའུ་རྒྱལ་སྤྱིའི་དངོས་པོ་མིན་པའི་རིག་གནས་ཤུལ་བཞག་ཞེས་པའི་དུས་ཆེན་གྱི་མཛད་སྒོ་དེ་ཟླ་5པའི་ཚེས29ནས་ཟླ6པའི་ཚེས11ཉིན་གྱི་བར་ཁྲེང་ཏུའུ་རུ་སྤེལ་རྒྱུ་ཡིན་པ།རོང་བྲག་རྫོང་ནི་རང་ཁུལ་གྱི་ཚབ་བྱེད་པའི་དངོས་པོ་མིན་པའི་རིག་གནས་ཤུལ་བཞག་དུས་ཆེན་གྱི་སྒྱུ་རྩལ་སྐོར་ཞིབ་འཁྲབ་སྟོན་དང་མི་རིགས་སྲོལ་རྒྱུན་སྒྱུ་རྩལ་གར་སྟེགས་བཅས་སུ་འཁྲབ་སྟོན་ནང་ཞུགས་མཁན་རྫོང་ཉག་གཅིག་ཡིན་པས།དུས་མཚུངས་སུ་དངོས་པོ་མིན་པའི་རིག་གནས་ཤུལ་བཞག་དུས་ཆེན་འགོ་ཚུགས་མཛད་སྒོའི་ཐོག་འཁྲབ་སྟོན་བྱ་རྒྱུ་རེད།
ཟླ་5པའི་ཚེས10ནས་ཚེས11ཉིན་གྱི་བར།ཁུལ་ཨུའི་རྒྱུན་ཨུ།ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལོན་གོ་ཀྲི་བྲག་རོང་རྫོང་དུ་ཕེབས་ནས་དངོས་པོ་མིན་པའི་རིག་གནས་ཤུལ་བཞག་དུས་ཆེན་གྱི་སྐབས་སུ་འཁྲབ་སྟོན་བྱ་རྒྱུའི་འཁྲབ་ཚན་སྒྲིག་པར་ཞིབ་བཤེར་ཁྲིད་སྟོན་གནང་བ་རེད།