རྟའུ་རྫོང་གིས་ཞིང་སྡེར་ཞབས་ཞུའི་ལས་ཀ་དམ་འཛིན་བྱས་པ།

་དངོས་སྦྱོང་སློབ་མ་སྒྲོལ་མ་ལྷ་མཚོས་བསྒྱུར།        2011-05-17

ད་ལོ་ནས་བཟུང་།རྟུའུ་རྫོང་གིས་ཞིང་ལས་ཐོན་མཐོ་བསྐྲུན་པར་གཞི་འཛིན་ས་བྱེད་པ་དང་།སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་དང་།ཁྱད་ཆོས་ལྡན་པའི་ཞིང་འབྲོག་ཐོན་ལས་གསོ་སྐྱོང་བྱེད་པའི་ནང་དོན་གཙོ་བོ་གཉིས་ལ་དམ་པོ་དམིགས་ནས།ཕྱོགས་ཡོངས་ནས་དེང་རབས་ཐོན་ལས་ཀྱི་རྟེན་གཞི་བསྐྲུན་པ་དང་།ཤུགས་ཆེན་པོས་ཞིང་ལས་ཚན་རྩལ་གསོ་སྦྱོང་གི་ལས་ཀ་སྤེལ་བ།ནུས་ཤུགས་གང་ཡོད་ཀྱིས་ས་བོན་ལེགས་པོ་ཁྱབ་གདལ་དུ་བཏང་བ།ད་ལོར་རྫོང་འདིའི་ཞིང་ལས་ཐོན་སྐྱེད་ཀྱི་ལས་འགན་ནི་ཞིང་ལས་ལོ་ཏོག་འདེབས་རྒྱ་མུའུ་81900དང་།འབྲུ་རིགས་འདེབས་རྒྱ་ཁྱོན་མུའུ་71200 །འབྲུ་རིགས་ཐོན་ཚད་ཏུན་1211བཅས་ཀྱི་ཐོག་སླེབས་ཐུབ་པ་བྱེད་རྒྱུ་དང་།ཁྱད་ཆོས་ལྡན་པའི་ཐོན་ལས་མུའུ་10700དང་།ཐོན་མཐོའི་རྟེན་གཞི་མུའུ་38000།ཚད་ལྡན་གྱི་ས་ཞིང་མུའུ་9000།ས་བོན་སྨན་བསྲེས་མུའུ་35000།རྫས་འགྱུར་སྨན་གྱིས་རྩྭ་ངན་སེལ་ཚད་མུའུ་38000།ས་ཞིང་ཚད་ལེན་དང་ས་བོན་སྨན་སྦྱོར་མུའུ་35000།ས་བོན་སྨན་ཐུམ་མུའུ་14900།འཕྲུལ་ཆས་ཀྱིས་རྨོ་བའི་ས་ཞིང་མུའུ་69300།འཕྲུལ་ཆས་ཀྱིས་ས་བོན་འདེབས་པའི་ས་ཞིང་མུའུ་49500བཅས་བསྐྲུན་རྒྱུ།ཞིང་པ་མི་གྲངས་དང་ཐེངས་གྲངས་18000ལ་སྤྱོད་སྒོ་ཆེ་བའི་ལག་རྩལ་གསོ་སྐྱོང་སྦྱོང་བརྡར་དང་།ཞིང་ལས་ཚན་རྩལ་མི་སྣ་16བདམས་ནས་ཡུན་རིང་དུ་ཤང་གྲོང་དུ་དཔྱིད་རྨོ་ཐོན་སྐྱེད་ལ་ཞབས་ཞུ་བྱེད་བཅུག་རྒྱུ་བཅས་ཡིན།རྫོང་སྲིད་གཞུང་གི་ལས་སྒྲུབ་ཚོ་ཆུང་གིས་དུས་ཚོད་གཏན་ཁེལ་དང་དང་དུས་ཚོད་གཏན་ཁེལ་མེད་པས་ལས་ཐོག་ཏུ་འབྱོར་ཚུལ་དང་དངོས་སར་འབྱོར་ཚུལ་ཟུར་བཤེར་བྱས་པར་མ་ཟད།ད་དུང་ལོ་མཇུག་ཏུ་དཔྱད་ཞིབ་ཚད་བསྡུར་གྱི་ནང་དོན་གཙོ་བོ་ཞིག་བྱེད་རྒྱུ་ཡིན་པ་རེད།
  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ཁྲིམས་འགལ་དང་གང་བྱུང་དུ་ཟས་རིགས་ནང་ཟས་རིགས་སྦྱོར་རྟ་བླུགས་མཁན་ལ་ཁྲིམས་བཅད་ནན་པོ་བྱེད་ཀྱི
  • ལེ་ཚན་རྗེས་མ།: དཀར་མཛེས་རྫོང་ཟླ་ཐང་མ་འབྲོག་ཁུལ་གྱི་དྲག་རྡུང་བཅོས་སྐྱོང་ལས་ཀ་རྣམ་པ་རྒྱལ་བའི་ངང་ནས་མཇུག་སྒྲིལ་བ།
  • དོ་སྣང་ཆེ་བའི་རྩོམ།