སྡེ་དགེ་རྫོང་གིས་ལས་ཀ་དྲུག་སྔ་སྣུར་བྱས་པའི་ཐོག་ནས་ད་ལོའི་འབྲོག་པའི་གཞིས་ཆགས་ལས་ཀ་ཡག་པོ་འཛིན་པ།

ཨན་རུང་མེས་བསྒྱུར།        2011-03-08

2011་ལོར་སྡེ་དགེ་རྫོང་གིས་“དྲུག་སྔ་སྣུར་བྱེད་པའི”བྱེད་ཐབས་སྤྱད་ནས་ཏན་ཏན་ཏིན་ཏིག་གིས་འབྲོག་པའི་གཞིས་ཆགས་ལས་ཀ་ཡག་པོ་འཛིན་པ་རེད།
2011ལོར་རྫོང་དེས་2010ལོའི་འབྲོག་པའི་གཞིས་ཆགས་བྱ་སྤྱོད་འཆར་གཞི་ལག་ལེན་བསྟར་རིང་ནང་གི་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་ཐོག་“དྲུག་སྔ་སྣུར་བྱེད་པའི”བྱེད་ཐབས་སྤྱད་ནས་ད་ལོའི་འབྲོག་པའི་གཞིས་ཆགས་ལས་ཀ་ཏན་ཏན་ཏིག་ཏིག་འཛིན་པ་རེད།
—འཆར་གཞི་སྔ་སྣུར་བཀོད་པ། མིག་སྔའི་བར་དུ་སླེབས་དུས་རྫོང་དེས་ཕྱོགས་ཡོངས་ནས་2009ལོ་ནས་2011ལོའི་བར་གྱི་འབྲོག་པའི་གཞིས་ཆགས་བྱ་སྤྱོད་འཆར་གཞི་ནང་བཞག་པའི་གཞིས་ཆགས་ས་ཚུགས་60ཡི་ས་གནས་གདམ་རྒྱུ་དང་།ས་གཤིས་རྩད་ཞིབ།ས་བབ་ཐིག་ལེན་རིས་འབྲི་སོགས་ཀྱི་ལས་ཀ་བསྒྲུབས་པ།
—བཀོད་སྒྲིག་སྔ་སྣུར་བྱས་པ།རྫོང་དེས་དུས་ཐོག་ཏུ་འབྲོག་པའི་གཞིས་ཆགས་སྐོར་གྱི་ལོ་སྟོད་ཀྱི་ལས་ཀའི་གྲོས་ཚོགས་འཚོགས་ནས་ན་ལོའི་འབྲོག་པའི་གཞིས་ཆགས་ལས་ཀ་ཕྱོགས་བསྡོམས་ནན་ཏན་བྱས་པར་མ་ཟད།ད་ལོའི་འབྲོག་པའི་གཞིས་ཆགས་ལས་ཀར་བཀོད་སྒྲིག་ཀྱང་བྱས་པ་རེད།
—གྲ་སྒྲིག་སྔ་སྣུར་བྱས་པ། ན་ལོའི་འབྲོག་པའི་གཞིས་ཆགས་སྡོད་ཁང་བསྐྲུན་པའི་ཐད་རྒྱུ་ཆས་ཧ་ཅང་མི་འདང་བ་དང་།ཁྱད་པར་དུ་ཤིང་ཆ་ཧ་ཅང་མི་འདང་བའི་གནས་ཚུལ་ལ་དམིགས་ནས་རྫོང་དེས་ད་ལོར་གཅིག་གྱུར་གྱི་ཐོག་ནས་གཞིས་ཆགས་སྡོད་ཁང་2180བསྐྲུན་རྒྱུ་དང་དུད་ཚང་842ཀྱི་གཞིས་ཆགས་སྡོད་ཁང་རྒྱས་བསྐྲུན་བྱ་རྒྱུ། གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཁང་36བསྐྲུན་རྒྱུ་བཅས་བྱེད་རྩིས་པ།འབྲོག་པའི་དུད་ཚང་གི་གཞིས་ཆགས་སྡོད་ཁང་བསྐྲུན་རྒྱུའི་ཐད་སྤྱོད་དགོས་པའི་ཤིང་ཆ་མིག་སྔར་གྲ་སྒྲིག་བྱས་ཚར་བ།
—ལས་ཀ་སྔ་སྣུར་དོན་ཐོག་ཏུ་འཁྱོལ་བ།རྫོང་སྲིད་གཞུང་གིས་གཞིས་ཆགས་བྱ་སྤྱོད་འཆར་གཞི་ལག་ལེན་བསྟར་བའི་ཤང་དང་གྲོང་རྡལ་དང་འབྲོག་པའི་གཞིས་ཆགས་ཀྱི་དམིགས་ཡུལ་ལས་འགན་གྱི་འགན་འཁྲིའི་ཡི་གེ་འཇོག་པ་དང་།ཤང་དང་གྲོང་རྡལ་སོ་སོས་འབྲོག་པའི་གཞིས་ཆགས་སྡོད་ཁང་རང་བསྐྲུན་དང་དོ་དམ་གྱི་ལས་འགན་ཁུར་བ།རྣམ་གྲངས་སོ་སོའི་གཙོ་གཉེར་སྡེ་ཁག་གིས་རང་ཉིད་ལས་རིགས་ཀྱི་རྨང་གཞི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུའི་ལས་འགན་ཁུར་བ།
—གསོ་སྐྱོང་སྦྱོང་བརྡར་སྔ་སྣུར་བྱས་པ། ཨར་ལས་འཛུགས་སྐྲུན་བྱེད་མཁན་གྱི་ལག་ཤེས་པ་གསོ་སྐྱོང་སྦྱོང་བརྡར་གྱི་ལས་ཀ་སྤེལ་བར་མ་ཟད།ཧུར་ཐག་གིས་ཞིང་ལས་ས་ཁུལ་གྱི་ལག་ཤེས་བཟོ་པས་ཁ་གཏད་ཀྱི་ཐོག་ནས་འབྲོག་ཁུལ་གྱི་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་པའི་བྱེད་སྟངས་འཚོལ་ཞིབ་བྱས་ནས་ཨར་ལས་འཛུགས་སྐྲུན་གྱི་ལག་ཤེས་བཟོ་བ་མི་འདང་བའི་འགལ་བ་ཐག་བཅད་པ།
—ལག་བསྟར་སྔ་སྣུར་བྱས་པ།ལས་ཡུལ་ལྡོག་རྩིས་བྱེད་པ་དང་ཕྱོགས་ཡོངས་ནས་སྐུལ་འདེད་བྱེད་པའི་བྱེད་སྟངས་སྤྱད་ནས་2011ལོའི་ནང་སྤུས་འབོར་གཉིས་ལྡན་གྱི་ཐོག་ནས་“ལོ་བཞིའི་དམིགས་ཡུལ་དེ་ལོ་གསུམ་གྱི་ནང་སྒྲུབ་རྒྱུའི་”འབྲོག་པའི་གཞིས་ཆགས་རྣམ་གྲངས་ཀྱི་ལས་འགན་ཡོངས་སུ་འགྲུབ་པར་ཁག་ཐེར་བྱས་པ།
  • ལེ་ཚན་སྔོན་མ།:ཁུལ་ཡོངས་ཀྱི་ཞིང་སྡེའི་ལས་ཀ་གྲོས་ཚོགས་དར་མདོར་འཚོགས།
  • ལེ་ཚན་རྗེས་མ།:བྲག་འགོ་རྫོང་གིས་གཙང་སྦྲའི་བྱ་འགུལ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།