ཁུལ་ཡོངས་ཀྱི་ཞིང་སྡེའི་ལས་ཀ་གྲོས་ཚོགས་དར་མདོར་འཚོགས།

        2011-03-08

ཁུལ་ཡོངས་ཀྱི་ཞིང་སྡེའི་ལས་ཀ་གྲོས་ཚོགས་དར་མདོར་འཚོགས།
 

ཁུལ་ཡོངས་ཀྱི་ཞིང་སྡེའི་ལས་ཀ་གྲོས་ཚོགས་དེ་དར་མདོར་འཚོགས་པ་རེད། ཁུལ་དམངས་ཆེན་གྱི་ཀྲུའུ་རེན་གཞོན་པ་ཧུའུ་ཏེ་མིང་དང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་པི་ཧྲི་ཞང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲོའུ་ཏུང་ཞིའུ་བཅས་ཚོགས་འདུར་ཞུགས་པ་དང་ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཁྲེན་ཡུང་གིས་ཚོགས་འདུའི་གཙོ་འགན་བཞེས་པ་རེད།
གྲོས་ཚོགས་ཐོག་བསྟན་དོན།  ད་ལོར་ཁུལ་ཡོངས་ཀྱི་ཞིང་སྡེའི་ལས་ཀ་ནི་ཞིང་ལས་མཆོངས་བརྒལ་འཕེལ་རྒྱས་དང་ཞིང་པའི་ཡོང་འབབ་སྲུང་འཛིན་བྱ་རྒྱུ་ཡིས་བརྗོད་བྱ་གཙོ་བོར་བྱས་ནས་ཞིང་ལས་ཚན་རྩལ་བོད་ཁུལ་དུ་འཕེལ་རྒྱས་གཏོང་རྒྱུར་དམ་འཛིན་དང་ཞིང་ལས་ཐོན་ཚད་མཐོ་ཞིང་གསར་སྐྲུན་གྱི་ལས་གྲྭ་ལག་བསྟར་བྱེད་རྒྱུས་གཙོ་བོ་བྱས་ནས་སོན་བཟང་དང་ཞིང་ལས་འཕྲུལ་ཆས། ཞིང་ལས་ལག་རྩལ་བཅས་ཐོས་རྫས་གསར་པ་དམ་འཛིན་བྱ་རྒྱུ་དང་ལག་རྩལ་གསར་པ་བཅས་དཔེ་སྟོན་ཁྱབ་གདལ་གཏོང་དགོས།
ཞིང་ལས་ཚན་རྩལ་གྲོང་གསེབ་ཏུ་ཁྱབ་གདལ་དུ་གཏོང་དགོས་པ་དང་ཞིང་ལས་ཚན་རྩལ་དཔེར་སྟོན་དང་།ཚད་མཐོན་པོའི་གསར་སྐྲུན་བྱེད་སྒོ་སྤེལ་རྒྱུ།ཞིང་ལས་ཚན་རྩལ་ཁྱབ་གདལ་གཏོང་རྒྱུ།ས་བོན་འདེབས་རྒྱུ་དང་ཞིང་རྨོའི་ཐབས་ཤེས་བཟང་པོ་ཞིང་སར་སྤྱོད་པར་སྐུལ་འདེད་བྱེད་རྒྱུ།ཞིང་ལས་ཚན་རྩལ་མཉམ་ལས་བྱེད་པར་སྐུལ་སྤེལ་བྱེད་དགོས་ལ་ཞིང་ལས་རྨང་གཞི་འཛུགས་སྐྲུན་བྱས་ནས་ཞིང་ལས་ཕྱོགས་བསྡུའི་ཐོན་སྐྱེད་ཀྱི་ནུས་པ་མཐོར་འདེགས་གཏོང་དགོས།             ཞིང་ས་གཤིན་པོའི་ཨར་ལས་ལག་བསྟར་དང་རྨོ་འདེབས་བཟང་བའི་ཨར་ལས།འབྲུ་རིགས་དང་ཐོན་འབབ་མཐོ་བའི་ཨར་ལས།ཞབས་ཞུ་མ་ལག་གི་འཛུགས་སྐྲུན་ཨར་ལས།ཞིང་ལས་འཕྲུལ་ཆས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཨར་ལས་བཅས་ལ་དམ་འཛིན་བྱེད་དགོས།ཞིང་ཕན་སྲིད་ཇུས་ལག་བསྟར་དང་ཞིང་པའི་ཁྲིམས་མཐུན་ཁེ་དབང་ལ་ཁག་ཐེག་བྱེད་དགོས།གནོད་འགོག་དང་གནོད་པ་ཇེ་ཉུང་དུ་གཏོང་བའི་ལས་ཀ་ལ་དམ་འཛིན་བྱེད་དགོས་པ་དང་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་ཁག་ཐེག་བྱེད་དགོས། དཔྱིད་རྨོ་ཐོན་སྐྱེད་ལ་གྲ་སྒྲིག་བྱས་ཏེ་ཞིང་ལས་ལ་ཡོངས་འབབ་ཕུན་སུམ་ཚོགས་ཡོང་བར་རྨང་གཞི་ལེགས་པོར་འཇོག་དགོསཔ་དེ་རེད།   

  • ལེ་ཚན་སྔོན་མ།:སྡེ་དགེ་རྫོང་གིས་ན་ལོར་ཉེན་མེད་འཐུ་ཆུའི་ལས་གྲྭ་12གསར་འཛུགས་བྱས་པ།
  • ལེ་ཚན་རྗེས་མ།:སྡེ་དགེ་རྫོང་གིས་ལས་ཀ་དྲུག་སྔ་སྣུར་བྱས་པའི་ཐོག་ནས་ད་ལོའི་འབྲོག་པའི་གཞིས་ཆགས་ལས་ཀ་ཡག་པོ་འཛིན་པ།
  • དོ་སྣང་ཆེ་བའི་རྩོམ།