ཁུལ་མི་དམངས་དངུལ་ཁང་གིས་བརྒྱད་ཟིལ་དུ་རོགས་སྐྱོར་ལས་ཀ་སྤེལ་བ།

(དབྱངས་ཅན་གྱིས་བསྒྱུར།)        2011-03-03

ན་ལོའི་ལོ་མཇུག་ཏུ་ཁུལ་མི་དམངས་དངུལ་ཁང་གིས་ལྟེ་བའི་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི་དང་། དངུལ་ཁང་གི་འགོ་འཛིན་པ་ལིའུ་ཅན་ཁང་གིས་ལས་སྒྲུབ་ཚོ་ཆུང་སྣེ་ཁྲིད་ནས་བརྒྱད་ཟིལ་དུ་ཕྱིན་ནས་རོགས་སྐྱོར་བྱེད་སྒོ་སྤེལ་བར་མ་ཟད། ད་དུང་ཐང་འགོ་ཤང་གི་དབུལ་ཕོངས་དུང་ཚང་གསུམ་ལ་འཚམས་འདྲི་བྱེད་ཡས་ཀྱི་འབྲས་དང་། བཟའ་སྣུམ། འཚམས་འདྲིའི་མ་དངུལ་སོགས་བྱིན་པ་རེད།
ལས་སྒྲུབ་ཚོ་ཆུང་མཐའ་ཁ་ཤང་གི་ཇ་ཕུའུ་ཙི་གྲོང་ཚོའི་ཞིང་འབྲོག་མི་དམངས་ལ་གཤེར་ཤེལ་གཟུགས་ཅན་གྱི་བཪྙན་འཕྲིན་7དང་DVDཅན་གྱི་གློག་བཪྙན་སྟོན་བྱེད་འཕྲུལ་འཁོར་7སྤྲད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན།བྱེད་སྒོ་དེ་ཁུལ་མི་དམངས་དངུལ་ཁང་གིས་ན་ལོར་བརྒྱད་ཟིལ་རྫོང་ཟབ་སྤེལ་བཏང་བའི་བྱེད་སྒོ་ཐེངས་ལྔ་པ་རེད། ལོ་མཇུག་བར་དུས་སླེབས་དུས་ཁུལ་མི་དམངས་དངུལ་ཁང་གིས་ཐང་འགོ་ཤང་དུ་རིམ་བསགས་ཀྱིས་བརྩིས་ན་ཞིང་པའི་དུད་ཚང་ལ་དངུལ་བུན་ཉུང་ཤོས་སྒོར་ཁྲི11དང་། འབྲོས་མིས་གཞིས་ཆགས་བྱེད་ཡས་ཀྱི་དངུལ་བུན་སྒོར་ཁྲི172  ། མཐའ་ཁ་ཤང་གི་ཞིང་པའི་དུད་ཚང་ལ་དངུལ་བུན་སྒོར་ཁྲི22.5བཅས་གཏོང་འཇོག་བྱས་པ་རེད།
  • ལེ་ཚན་སྔོན་མ།:ཁུལ་ཨུས་རྒྱུན་ལས་གྲོས་ཚོགས་འཚོགས་ནས།
  • ལེ་ཚན་རྗེས་མ།:སྡེ་དགེ་རྫོང་གིས་ན་ལོར་ཉེན་མེད་འཐུ་ཆུའི་ལས་གྲྭ་12གསར་འཛུགས་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།