ཁུལ་ཡོངས་ཀྱི་ཞིང་འབྲོག་ས་ཁུལ་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་དང་གྲོང་སྡེ་(འདུས་སྡེ)ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་འདེམས་བསྐོའི་ལས་ཀའི་གྲོས་ཚོགས་འཚོགས།

        2010-12-07

ཟླ་བ11པའི་ཚེས29ཉིན།   ཁུལ་ཡོངས་ཀྱི་ཞིང་འབྲོག་ས་ཁུལ་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་དང་གྲོང་སྡེ་(འདུས་སྡེ)ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་འདེམས་བསྐོའི་ལས་དོན་གྲོས་ཚོགས་དར་མདོ་རུ་འཚོགས་པ་རེད།     གྲོས་ཚོགས་ཐོག་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཞུས་ཁྲུན་ཞིའུ་ཡིས་གྲོང་སྡེ་(འདུས་སྡེ)ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་འདེམས་བསྐོ་སྐབས་བརྒྱད་པའི་ལས་ཀ་བཀོད་སྒྲིག་བྱས་པ་རེད།
ལིའུ་ཏའོ་ཕིང་གིས་གསུངས་དོན།   གྲོང་སྡེའི་གཞི་རིམ་རྩ་འཛུགས་ནི་ཏང་གི་གྲོང་སྡེའི་ལས་ཀའི་རྨང་གཞི་ཡིན་ལ།   ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་ནས་ཞིང་འབྲོག་ཁུལ་གྱི་འཛུགས་སྐྲུན་ལས་ཀ་སོ་སོར་སྐུལ་སྤེལ་གཏོང་ཡས་ཀྱི་མཁར་རྫོང་ལྟ་བུའང་ཡིན་པར་བརྟེན།ངེས་པར་དུ་མུ་མཐུད་ནས་ཞིང་འབྲོག་ཁུལ་དུ་ཏང་གི་སྲིད་འཛིན་གྱི་རྨང་གཞི་ལ་མཐོང་ཆེན་དང་སྲ་བརྟན་གཏོང་དགོས།   བོད་ཁུལ་དུ་ཏང་གི་སྲིད་འཛིན་གྱི་གོ་གནས་སྲ་བརྟན་བཏང་ནས་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པའི་ནང་དུ་གྲོང་སྡེའི་འཛུགས་སྐྲུན་སོ་སོར་སྐུལ་འདེད་བྱེད་དགོས།
ལིའུ་ཏའོ་ཕིང་གིས་གསུངས་དོན།   བསམ་བློ་འཛུགས་སྐྱོང་དང་འགོ་ཁྲིད་ཚོ་ཆུང་འཛུགས་སྐྱོང་།   འཇོན་ནུས་འཛུགས་སྐྱོང་།   ཀུན་སྤྱོད་འཛུགས་སྐྱོང་།  ལམ་ལུགས་འཛུགས་སྐྱོང་བཅས་ཕྱོགས་ལྔའི་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་གྲུབ་འབྲས་ཐོབ་པར་འགན་སྲུང་བྱེད་དགོས།
ལིའུ་ཏའོ་ཕིང་གིས་ནན་གསུང་གནང་དོན།     ང་ཚོས་ངེས་པར་དུ་ཐུན་མིན་གྱི་ནུས་ཤུགས་དང་ཐུན་མིན་གྱི་བྱེད་ཐབས་བླངས་ནས་སྟོབས་ཤུགས་ཡོད་ཚད་ཀྱིས་ལས་དོན་འདི་ལེགས་པོར་བསྒྲུབས་ཏེ་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་འགོད་བདེ་བླག་ངང་ལག་བསྟར་དང་།  ཁུལ་ཡོངས་ཀྱི་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བར་སྐུལ་སྤེལ་གཏོང་བའི་ཆེད་དུ་སྲ་ཞིང་བརྟན་པའི་གཞི་རིམ་རྩ་འཛུགས་ཀྱི་འགན་སྲུང་བྱེད་དགོས།
  • ལེ་ཚན་སྔོན་མ།:དར་མདོ་ས་ཁུལ་གྱི་སེར་སྐྱ་མང་ཚོགས་ཀྱིས་དགའ་ལྡན་ལྔ་མཆོད་ལ་མཆོད་འབུལ་བྱེད།
  • ལེ་ཚན་རྗེས་མ།:རྟའུ་ཡི༡༢、༥ ཡི་མེ་བསད་ཟིན།
  • དོ་སྣང་ཆེ་བའི་རྩོམ།