སེལ་ཤུལ་རྫོང་དང་དཔལ་ཡུལ་རྫོང་གཉིས་ལ་ཁྲིམས་ལུགས་རོགས་སྐྱོར་དང་བླངས་པའི་རོགས་སྐྱོར་ཐོབ་པ།

བསམ་འཕེལ་ནོར་བུས་བསྒྱུར།        2010-08-30

ཉེ་སྔོན། ཧའེ་ལུང་ཅང་དང་ཨན་ཧའེ་གཉིས་ནས་ཡོང་བའི་ཁྲིམས་རྩོད་པ2སོ་སོར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེལ་ཤུལ་རྫོང་དང་དཔལ་ཡུལ་རྫོང་དུ་སོང་ནས། དུས་ཡུན་ལོ1ནས3རིང་གི་ཁྲིམས་ལུགས་རོགས་སྐྱོར་དང་བླངས་པའི་ཞབས་ཞུ་སྒྲུབ་རྒྱུ་རེད། ཁོ་ཚོས་བཀོད་སྒྲིག་ལྟར་ཁྲིམས་ལུགས་འཆད་ཁྲིད་དང་། ཁྲིམས་ལུགས་གཞི་རིམ་དུ་བསྐྱེལ་བ། སྲིད་གཞུང་ལ་ཁྲིམས་ལུགས་ཐད་ཀྱི་བསམ་འཆར་དང་གྲོས་གཞི་འདོན་སྤྲོད་བྱེད་པ། ཁྲིམས་ལུགས་རོགས་སྐྱོར་བྱས་ནས་གྱོད་དོན་སྒྲུབ་རོགས་བྱེད་པ་སོགས་ནང་དོན་གཙོ་བོ་ཡིན་པའི་ཁྲིམས་ལུགས་རོགས་སྐྱོར་དང་བླངས་པའི་ཞབས་ཞུ་སྤེལ་རྒྱུ་རེད།

    རྒྱུས་ལོན་བྱས་པ་ལྟར་ན། “1+1”ཀྲུང་གོའི་ཁྲིམས་ལུགས་རོགས་སྐྱོར་དང་བླངས་པའི་བྱ་འགུལ་ནི་ཁྲིམས་འཛིན་པུའུ་དང་གུང་གཞོན་ཚོགས་པ་ཀྲུང་དབྱང་གིས་མཉམ་དུ་སྒྲུབ་པའི་ལས་རིགས་ནང་ཁུལ་གྱི་ཕན་ཚུན་ལ་རོགས་སྐྱོར་དང་དང་བླངས་པ་བསྡུ་ལེན་བྱེད་པའི་ཐབས་ལམ་ཞིག་ཡིན་ལ། ཁྲིམས་རྩོད་པ་དང་ཁྲིམས་འཛིན་སློབ་གླིང་ནས་སློབ་མཐར་ཕྱིན་པའི་ཕུལ་བྱུང་སློབ་མ་ནུབ་རྒྱུད་ཀྱི་ཁྲིམས་ལུགས་མི་སྣ་དཀོན་པའི་ས་ཁུལ་དུ་དང་བླངས་ཞབས་ཞུ་བྱེད་དུ་འཇུག་རྒྱུའི་སྤྱི་ཕན་རང་བཞིན་གྱི་བྱ་འགུལ་ཆེན་པོ་ཞིག་རེད། དཀར་མཛེས་ཁུལ་ལ་མཚོན་ན། བྱ་འགུལ་འདི་ལས་ཁྲིམས་ལུགས་འཇོན་མི་དཀོན་པའི་གནད་དོན་ཞི་ལྷོད་དུ་གཏོང་བར་དགེ་མཚན་ཆེན་པོ་ལྡན་ཡོད་པ་རེད།   །

  • ལེ་ཚན་སྔོན་མ།:སྤྲོ་ཤུགས་ཁེངས་པའི་བོད་ཀྱི་ཁྱིམ་གཞིས་མགྲོན་ཁང་།
  • ལེ་ཚན་རྗེས་མ།:བརྒྱད་ཟིལ་རྫོང་གིས་ཞིང་སྡེ་གསར་བའི་སྤྱི་ཚོགས་འགན་སྲུང་ཚོད་ལྟ་ས་ཚིགས་རྒྱ་སྐྱེད་ནས་བསྡུ་སྤྲོད་གྲུབ་འབྲ
  • དོ་སྣང་ཆེ་བའི་རྩོམ།