ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པ་མཇུག་བསྒྲིལ།   

        2015-02-05

མཇུག་བསྒྲིལ་ཚོགས་ཆེན་མ་ཚོགས་སྔོན་འཚོགས་པའི་འདེམས་བསྐོ་ཚོགས་ཆེན་ཐོག་ཨུ་ཡོན་ཚོས་མིང་མི་བཀོད་པའི་འདེམས་ཤོག་འཕེན་པའི་བྱེད་ཐབས་སྤྱད་ནས་ཁོ་ཙུན་ཕིང་སྲིད་གྲོས་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཅིག་པའི་ཨུ་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་དང་།དིག་ཏིག་ཀུའུ་ཧོ་དང་ལི་ཧྥ་ཆང་། ཀྲང་རུང་བཅས་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་དུ་གསབ་སྣོན་བྱས་ཡོད།
  ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་མཇུག་བསྒྲིལ་ཚོགས་ཆེན་ནང་ཞུགས་ཤིང་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཝེ་ཧུང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི། ཏང་ཙུའུ་ཧྲུའུ་ཅི་ཁོ་ཙུན་ཕིང་མཇུག་བསྒྲིལ་ཚོགས་ཆེན་ནང་ཞུགས་ཤིང་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད།  མཇུག་བསྒྲིལ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཁོ་ཙུན་ཕིང་དང་ཡན་ཡུང་ཧོ། ཀྲང་ཡུས་ཏུང་། ཀའོ་ཧྥུང་། ཚུའེ་པའོ་ཧྭ། ཀྲའེ་ཀྲན་དབྱི། དབྱང་ཞིན་ཕིང་། ཝང་ཀྲེན་རོང་། ཀྲའོ་ཀྲེན་ཞི། ནོར་བུ་རྒྱལ་མཚན། ཁྲེང་ཧྥང་བཅས་ཡིན་ཞིང་། ཡན་ཡུང་ཧོས་མཇུག་བསྒྲིལ་ཚོགས་འདུའི་གཙོ་འགན་བཞེས།
གྲོས་ཚོགས་ནང《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ལྷན་ཁང་གི་གྲོས་གཞི་ཨུ་ལྷན་གྱི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞིར་དཔྱད་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ》དང་《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་ཀྱི་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་ཆོད》ལ་གྲོས་འཆམས་བྱུང་བ་རེད།ཝང་ཏུང་མིང་གི་ཚོགས་ཐོག་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ལོ་རྒྱུས་ཀྱི་ཆོས་ཉིད་དང་འཕེལ་རྒྱས་གཏོང་ཕྱོགས་འཛིན་འཆང་དམ་པོར་བྱས་ཤིང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ཁྱོན་ཡོངས་ནས་བཅོས་བསྒྱུར་ཇེ་ཟབ་ཏུ་གཏོང་ཞིང་།ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་པའི་ལམ་བུ་བསྟན་ཡོད། ཁྱོན་ཡོངས་བཞིའི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱ་རྒྱུ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་པོ་གསུམ་ལག་བསྟར་བྱ་རྒྱུ། མཆོང་བརྒལ་གཉིས་ལ་སྐུལ་འདེད་གཏང་རྒྱུ་དེ་ང་ཚོའི་ཁུར་དགོས་པའི་ལོ་རྒྱུས་ཀྱི་འགན་འཁྲི་གལ་ཆེན་ཡིན་པས། ཁྱད་པར་དུ་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་མཐུན་རྐྱེན་འདོན་སྤེལ་བྱས་ནས་མི་རིགས་ཁག་དང་ལས་རིགས་ཁག འཐབ་ཕྱོགས་ཁག་སྐུལ་སློང་བྱས་ཏེ་སེམས་ཤུགས་གཅིག་སྒྲིམ་དང་འགག་སྒྲོལ་དཀའ་སེལ་བྱས་ནས་ཐུན་མོང་དུ་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་སི་ཁྲོན་གྱི་མི་དམངས་ཁྲི9000ཡི་སྨོན་འདུན་བཟང་པོ་གྲུབ་པར་ཤུགས་རྒྱག་དགོས།
ཝང་ཏུང་མིང་གིས་ནན་པོར་བསྟན་དོན། ལོ་རྒྱུས་ཀྱི་གཞི་འཛིན་ས་གསར་པའི་ཐོག་ལངས་དགོས་པ་དང་ལོ་རྒྱུས་ཀྱི་འགན་འཁྲི་གསར་པ་ཁུར་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ལྷན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་སྙིང་དོན་སློབ་སྦྱོང་ནན་ཏན་དང་ལག་ལེན་མཐར་ཕྱིན་བྱ་དགོས་ཤིང་། ཀྲུང་དབྱང་གི་སྲིད་གྲོས་ལས་ཀའི་སྐོར་གྱི་འཆར་འགོད་གསར་པ་དང་བླང་བྱ་གསར་པར་དོན་འཁྱོལ་ཡག་པོ་བྱ་དགོས། ལྟེ་གནས་ལས་ཀར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་ཞུ། སྲོལ་རྒྱུན་བཟང་པོ་དང་ཀུན་སྤྱོད་དར་སྤེལ་གཏོང་བ་བཅས་རྒྱུན་འཁྱོངས་བྱ་དགོས། ཁྱོན་ཡོངས་བཞིའི་ལས་ཀ་སྒྲུབ་པའི་གཞི་འཛིན་ས་ཡང་དག་པ་འཚོལ་དགོས། ཆབ་སྲིད་གྲོས་མོལ་དང་།དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལག་བསྟར་ནན་ཏན་བྱས་ཏེ་ཀྲུང་གོའི་ཕུགས་འདུན་གྱི་སི་ཁྲོན་ཞིང་ཆེན་གྱི་བྱ་བ་ཡག་པོ་སྒྲུབ་པར་བྱས་རྗེས་དེ་བས་ཆེན་པོ་འཇོག་དགོས།  ཝང་ཏུང་མིང་གིས་ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་རྣམ་ལ་རེ་བ་ལྔ་བཏོན་གནང་བ་སྟེ།  གཅིག་ནི་ཡང་དག་པའི་ཆབ་སྲིད་བྱེད་ཕྱོགས་བློ་བརྟན་འགྱུར་མེད་བྱས་ཏེ་ཁྱོན་ཡོངས་བཞིའི་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏང་དགོས།  གཉིས་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་གསར་པར་རང་འགུལ་གྱིས་ཞབས་འདེགས་ཞུས་ཏེ་འཕེལ་རྒྱས་གཏང་རྒྱུའི་འཐབ་ཇུས་ཆེན་པོ་གསུམ་གྱི་འཐབ་ཡུལ་གཙོ་བོར་ཧུར་ཐག་ཞུགས་དགོས།  གསུམ་ནི་བཅོས་བསྒྱུར་ཁྱོན་ཡོངས་དང་ཟབ་ཏུ་སྤེལ་བའི་བརྗོད་བྱ་གསར་པར་རང་འགུལ་གྱིས་ཞབས་འདེགས་ཞུས་ཏེ་བཅོས་བསྒྱུར་དང་འགག་སྒྲོལ་ལ་བློ་གྲོས་དང་སྟོབས་ཤུགས་ཧུར་ཐག་འབུལ་དགོས།  བཞི་ནི་བཅའ་ཁྲིམས་ལྟར་ཞིང་ཆེན་བཅོས་སྐྱོང་ཁྱོན་ཡོངས་དང་གཏིང་ཟབ་ཏུ་གཏོང་བའི་ལས་འགན་གསར་པར་རང་འགུལ་གྱིས་ཞབས་འདེགས་ཞུས་ཏེ་སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་ཡོང་བར་གཞོགས་འདེགས་ཧུར་ཐག་བྱ་དགོས།  ལྔ་ནི་ཏང་ལ་བཅོས་སྐྱོང་ཁྱོན་ཡོངས་ནས་ནན་པོ་བྱ་རྒྱུའི་འཐབ་ཇུས་གསར་པར་རང་འགུལ་གྱིས་ཞབས་འདེགས་ཞུས་ཏེ་མི་དམངས་སྲིད་གྲོས་ཀྱི་དམིགས་སུ་བཀར་བའི་མཐུན་རྐྱེན་འདོན་སྤེལ་ཧུར་ཐག་བྱ་དགོས།  ཁའོ་ཙུན་ཕིང་གིས་མཇུག་བསྒྲིལ་ཚོགས་ཆེན་ཐོག་གསུང་བཤད་གནང་ཞིང་། ཁོང་གིས་གནས་བབ་དང་ལས་འགན་གསར་པའི་མདུན་དུ། མི་དམངས་སྲིད་གྲོས་བྱ་གཞག་གི་མདུན་ལམ་རྒྱ་ཆེ་ལ་འཇོན་ནུས་ཆེན་པོ་འདོན་ས་ཡོད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱ་རབ་རིམ་གྱི་སྙིང་དོན་སློབ་སྦྱོང་དང་ཤེས་རྟོགས་ནན་ཏིག་བྱས་ཤིང་ཁྱོན་ཡོངས་ནས་ལག་ལེན་དོན་འཁྱོལ་བྱ་དགོས་ཤིང་། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྲ་བརྟན་འགོ་ཁྲིད་འོག་ཁྱོན་ཡོངས་བཞིར་སྐུལ་འདེད་གཏོང་བར་དམ་པོར་དམིགས་ཏེ་གནས་བབ་གསར་འཛིན་འཆང་ཡང་དག་པ་བྱས་ཤིང་མཐུན་རྐྱེན་བཟང་པོ་འདོན་སྤེལ་གང་ལེགས་བྱས་པ།འགན་ནུས་ལག་བསྟར་ཁྱོན་ཡོངས་ནས་བྱས་ཏེ་རང་རེའི་ཞིང་ཆེན་གྱི་སྲིད་གྲོས་བྱ་གཞག་ཐད་གོང་འཕེལ་གསར་པ་ཡོང་བར་སྐུལ་འདེད་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་དགོས་ཞེས་གསུངས་པ་རེད།འབྲེལ་ཡོད་མི་སྣ་རྣམས་ཚོགས་ཆེན་དུ་ཞུགས་ཡོད།
  • ལེ་ཚན་སྔོན་མ།:ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་དམངས་ཆེན་གྲོས་ཚོགས་ཐེངས་གསུམ་པ་མཇུག་བསྒྲིལ། 
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་བོད་ལུགས་སྨན་ཁང་གིས་བདུད་རྩི་ལྔ་ལུམས་ཀྱི་སྨན་སྦྱོར་ལེགས་བཅོས་གནང་བ།
  • དོ་སྣང་ཆེ་བའི་རྩོམ།