ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་དམངས་ཆེན་གྲོས་ཚོགས་ཐེངས་གསུམ་པ་མཇུག་བསྒྲིལ། 

        2015-02-05

ཟླ་བ2པའི་ཚེས1ཉིན་གྱི་ཕྱི་དྲོར་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ནས་གྲོས་རིམ་ཁག་རྣམ་པར་རྒྱལ་བའི་ངང་གྲུབ་ནས་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་དམངས་ཆེན་གྲོས་ཚོགས་ཐེངས་གསུམ་པ་ཁྲེང་ཏུའུ་རུ་མཇུག་བསྒྲིལ་བ་རེད།  གྲོས་ཚོགས་ནང་ཞུགས་དགོས་པའི་འཐུས་མི873ཡོད་པ་དང་དངོས་སུ་ཞུགས་པའི་འཐུས་མི842ཡོད་པས། ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཝང་ཏུང་མིང་གིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས་པ་རེད། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཧྥན་རུའེ་ཕིང་དང་ཀྲང་ཏུང་ཧྲེང་། ཧོང་རུན་ཆུབ། ཕན་ཡུས། ལིའུ་ཏའོ་ཕིང་། ཙེང་ཞིན་ཆོན། ལི་ཞང་ཀྲི་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲས་སུ་བཞུགས་ཡོད།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཝེ་ཧུང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི། ཏང་ཙུའུ་ཧྲུའུ་ཅི་ཁོ་ཙུན་ཕིང་སོགས་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད།  གྲོས་ཚོགས་ཐོག་མིང་ཐོ་མི་བཀོད་པའི་འདེམས་ཤོག་འཕེན་སྟངས་སྤྱད་ནས་ཁྲེང་ཀོང་ཀྲི་ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བདམས་ཐོན་བྱུང་བ་དང་། ཐང་ཆའོ་དང་གོ་ཀྲའོ་ཅུན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་བདམས་པ་རེད།  གྲོས་ཚོགས་ཐོག་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ལས་དོན་སྙན་ཞུ་སྐོར་གྱི་གྲོས་ཆོད་དང་སི་ཁྲོན་ཞིང་ཆེན་གྱི 2014 ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་ཚུལ་དང 2015 ལོའི་འཆར་གཞིའི་སྐོར་གྱི་གྲོས་ཆོད། སི་ཁྲོན་ཞིང་ཆེན་གྱི 2014 ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང 2015 ལོའི་ནོར་སྲིད་སྔོན་རྩིས་སྐོར་གྱི་གྲོས་ཆོད། སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྙན་ཞུ་སྐོར་གྱི་གྲོས་ཆོད། སི་ཁྲོན་ཞིང་ཆེན་གྱི་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་ཀའི་སྙན་ཞུ་སྐོར་གྱི་གྲོས་ཆོད། སི་ཁྲོན་ཞིང་ཆེན་གྱི་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀའི་སྙན་ཞུ་སྐོར་གྱི་གྲོས་ཆོད་སོགས་ཀྱི་དོན་སྣར་གྲོས་འཆམ་བྱུང་བ་རེད།
ཝང་ཏུང་མིང་གིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་དམངས་དམངས་ཆེན་དང་རྒྱ་ཆེ་བའི་འཐུས་མི་རྣམས་ལ་རེ་འདུན་དང་བླང་བྱ་ལྔ་བཏོན་ཡོད་པ་སྟེ།  དང་པོ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུར་དམིགས་ཏེ་འཕེལ་རྒྱས་གཏང་རྒྱུའི་འཐབ་ཇུས་ཆེན་པོ་གསུམ་ལག་ལེན་བསྟར་བ་དང་མཆོང་རྒལ་གཉིས་ལ་སྐུལ་འདེད་གཏོང་བར་རང་འགུལ་གྱིས་འཇོན་ནུས་འཇོག་དགོས། དམངས་ཆེན་གྱིས་སྔར་ལས་ལྷག་པར་སྤྱི་ཡོངས་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས། འགན་འཁུའི་འདུ་ཤེས་བཅས་མཐོ་རུ་གཏང་དགོས། དམིགས་སུ་བཀར་བའི་ཆབ་སྲིད་ཀྱི་མཐུན་རྐྱེན་དང་རྩ་འཛུགས་ཀྱི་མཐུན་རྐྱེན་འདོན་སྤེལ་གང་ལེགས་བྱས་ཐོག་དཔལ་འབྱོར་ལས་ཀའི་འཆར་འགོད་དང་གཏན་འཁེལ་བྱས་པའི་དམིགས་ཡུལ་ལས་འགན་ཁག བཏོན་པའི་སྲིད་ཇུས་བྱེད་ཐབས་བཅས་ལ་དམ་པོར་དམིགས་ཏེ་ཆེད་གཉེར་གྱིས་ཞིབ་བཤེར་བྱ་དགོས། འཕེལ་རྒྱས་གཏོང་རིང་གི་གཙོ་གནད་དང་དཀའ་གནད་ལ་དམིགས་ཏེ་ཆེན་དོན་གྱི་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་བྱེད་ཐབས་ནུས་ལྡན་གྱིས་ཞིང་ཆེན་ཏང་ཨུའི་གལ་ཆེན་གྱི་ཐབས་ཇུས་ཇུས་འགོད་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་ནན་པོ་བྱ་དགོས།  གཉིས་ནི་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་དམིགས་ཏེ་གཙོ་གནད་ཀྱི་ཁྱབ་ཁོངས་དང་གནད་འགག་ཐུག་ས་བཅོས་བསྒྱུར་བྱེད་པར་འགག་སྒྲོལ་གཏོར་རྒལ་བྱ་དགོས། དམངས་ཆེན་གྱི་འཐུས་མི་མང་ཚོགས་ནས་ཡོང་བ་དང་རྒྱ་ཁྱབ་ཏུ་འབྲེལ་བ་བྱེད་ཐུབ་པའི་མཐུན་རྐྱེན་འདོན་སྤེལ་གང་ལེགས་བྱས་ཏེ་བཅོས་བསྒྱུར་གྱི་དྲིལ་བསྒྲགས་བྱེད་མཁན་དང་། རྒྱབ་སྐྱོར་བྱེད་མཁན། ཞུགས་མཁན། སྐུལ་འདེད་བྱེད་མཁན་བཅས་བྱ་དགོས། དམངས་ཆེན་གྱིས་སྲིད་གཞུང་ལ་ཡོད་པའི་ལྟ་སྐུལ་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཐོག་ཕན་ནུས་ལྡན་པའི་ལས་སྒྲུབ་ནང་རྐྱེན་འཛུགས་པར་འཚོལ་ཞིབ་བྱས་ཏེ་བཅོས་བསྒྱུར་བྱེད་ཐབས་དོན་འཁྱོལ་བྱེད་པ་དང་ཕན་ནུས་ལྡན་པར་སྐུལ་འདེད་གཏང་དགོས།  གསུམ་ནི་བཅའ་ཁྲིམས་ལྟར་ཞིང་ཆེན་བཅོས་སྐྱོང་བྱེད་པར་ཁྱོན་ཡོངས་དང་གཏིང་ཟབ་ཏུ་གཏོང་བར་དམ་པོར་དམིགས་ཏེ་བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་དུ་མངོན་འགྱུར་ཡོང་བར་འགན་ནུས་སྒྲུབ་དགོས། བཅའ་ཁྲིམས་ལྟར་ཞིང་ཆེན་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བར་དམངས་ཆེན་གྱིས་དམིགས་བསལ་ཡང་ན་གལ་ཆེན་གྱི་འགན་འཁྲི་ཁུར་ཡོད་པས། ཁྲིམས་འཛུགས་པའི་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱ་དགོས་ཤིང་ཁྲིམས་འཛུགས་ལས་ཀར་སྒྲིག་འཛུགས་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། མི་མང་ཁྲིམས་འཛུགས་པར་ཞུགས་པའི་བྱེད་ཐབས་གསར་སྐྲུན་བྱེད་པ་དང་ཁྲིམས་འཛུགས་པའི་ཚན་རིག་གི་རང་བཞིན་དང་དམིགས་འཛུགས་ཀྱི་རང་བཞིན། ཕན་ནུས་ཀྱི་རང་བཞིན་བཅས་མཐོ་རུ་གཏང་དགོས། བཅའ་ཁྲིམས་ཀྱི་ལྟ་སྐུལ་བྱེད་ནུས་འདོན་སྤེལ་བྱས་ཏེ་ཁྲིམས་ཡོད་ཀྱང་བརྩི་སྲུང་མི་བྱེད་པ་དང་། ཁྲིམས་འཛིན་དུས་གཟབ་ནན་མི་བྱེད་པ་སོགས་ཀྱི་གནད་དོན་ལ་བློ་བརྟན་འགྱུར་མེད་ཀྱིས་ཡོ་བསྲང་བྱས་ཏེ་སྲིད་གཞུང་གཅིག་ཁང་གཉིས་ཀྱིས་བཅའ་ཁྲིམས་ལྟར་འགན་ནུས་སྒྲུབ་པར་སྐུལ་འདེད་གཏང་དགོས།  བཞི་ནི་ཏང་ལ་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་པོ་བྱ་རྒྱུར་དམ་པོར་དམིགས་ཏེ་སི་ཁྲོན་གྱི་ཆབ་སྲིད་སྐྱེ་ཁམས་བཟང་པོ་འཛུགས་སྐྱོང་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་དགོས། དམངས་ཆེན་ལ་རུལ་སྲུང་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་ཚབ་བྱེད་བྱེད་མི་ཐུབ་པའི་ནུས་པ་ལྡན་པས། འགན་ནུས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་ཁྲིམས་འཛུགས་བྱས་པར་བརྒྱུད་ཚོད་འཛིན་གྱི་སྒྲིག་ལམ་འཐུས་སྒོ་ཚང་དུ་བཏང་སྟེ་ཆབ་སྲིད་སྐྱེ་ཁམས་བཟང་པོ་ཆགས་པར་ཁྲིམས་སྲོལ་གྱི་འགན་སྲུང་འདོན་སྤྲོད་བྱ་དགོས།  ལྔ་ནི་ཁྱོན་ཡོངས་བཞིའི་སྤྱི་ཁོག་གི་འཆར་འགོད་དང་འཚམ་པ་རང་འགུལ་བྱས་ཏེ་སྔར་ལས་ལྷག་པར་རང་ཉིད་འཛུགས་སྐྱོང་དང་འགན་ནུས་མཐོ་རུ་གཏོང་བར་ཤུགས་སྣོན་རྒྱག་དགོས། འགན་ནུས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་དགོས། རྩ་ཁྲིམས་དང་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཀྱི་ཤེས་བྱ་སྣེ་ཁྲིད་བྱས་ཏེ་སློང་སྦྱོང་བྱ་དགོས་ཤིང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གལ་ཆེན་གྱི་ཐབས་ཇུས་ཇུས་འགོད་ལ་གོ་བ་ཟབ་མོ་ལེན་དགོས་པ་དང་འཛིན་འཆང་བྱ་དགོས་ཤིང་། དམངས་ཆེན་འཐུས་ཚབ་ཀྱི་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ་རྒྱུན་ཆད་མེད་པར་བཅའ་ཁྲིམས་ལྟར་འགན་ནུས་སྒྲུབ་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏང་དགོས།
ཝུང་ཏུང་མིང་གིས་བསྟན་དོན། དམངས་ཆེན་གྱིས་ཁྱོན་ཡོངས་བཞིར་སྐུལ་འདེད་གཏོང་བའི་ནང་གི་གལ་ཆེན་གྱི་ནུས་པ་འདོན་སྤེལ་བྱ་དགོས་ན། ངེས་པར་དུ་ཏང་གིས་དམངས་ཆེན་ལས་ཀར་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལེགས་བཅོས་བྱ་དགོས། རིམ་པ་ཁག་གིས་དམངས་ཆེན་ལས་ཀར་ཆབ་སྲིད་ཀྱི་འགོ་ཁྲིད་དང་བསམ་པའི་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྟོབས་ཤུགས་ཡོད་དགུས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་འགན་ནུས་སྒྲུབ་པ་དང་ལས་ཀ་སྤེལ་བར་རྒྱབ་སྐྱོར་བྱ་དགོས།
འབྲེལ་ཡོད་ཀྱི་འགོ་ཁྲིད་དང་མི་སྣ་གྲོས་ཚོགས་ནང་ཞུགས་ཡོད།
  • ལེ་ཚན་སྔོན་མ།:རྔ་བ་ཁུལ་དེ་རྒྱལ་ཡོངས་ཀྱི་འོད་གཟུགས་དྲ་བའི་ཁུལ་ཐོག་མར་གྱུར།
  • ལེ་ཚན་རྗེས་མ།:ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པ་མཇུག་བསྒྲིལ།   
  • དོ་སྣང་ཆེ་བའི་རྩོམ།