(སྒྲོལ་མ་ཚེ་མཚོས་བསྒྱུར།) 2010-11-18
ཟླ་བ11པའི་ཚེས13ཉིན།བརྒྱད་ཟིལ་རྫོང་གི་ཐང་འགོ་ཤང་གི་འབྲོག་པའི་གཞིས་ཆགས་སར་རྔམ་བརྗིད་ལྡན་པའི་རྒྱལ་གླུ་དང་སྐར་ལྔའི་དར་དམར་ལྷབ་ལྷུབ་གཡོག་བའི་ཁྲོད་དུ་ཐང་འགོ་གྲོང་ཚོའི་འབྲོག་པ་མང་ཚོགས་ཀྱི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་ཀྱིས་ཁེངས་ཤིང་འབྲོག་པའི་འཐུས་ཚབ་གཅིག་རྗེས་གཉིས་མཐུད་དུ་སྟེགས་བུའི་ཐོག་ཏུ་སོང་ནས་ཉི་གློག་དང་སྒྲ་བསྡུ་འཕྲུལ་འཁོར་བླངས་པ་དང་།འབྲོག་པ་མང་ཚོགས་ཚོས་གཅིག་རྗེས་གཉིས་མཐུད་དུ་ཁང་གསར་སྤོས་པར་ཏང་ལ་དཀའ་དྲིན་ཆེ་ཞུ་བའི་གཏམ་བཤད་བྱས་པ།འབྲོག་པའི་འཐུས་ཚབ་ལི་བསོད་ནམས་ཀྱི་ཁང་གསར་སྤོ་བའི་མཛད་སྒོའི་ཐོག་སེམས་འགུལ་ཐེབས་པའི་ངང་ནས་གཏམ་བཤད་བྱས་པ་སྟེ།སྔོན་ཆད་ང་ཚོས་རུ་སྤོ་བའི་འཚོ་བ་སྐྱེལ་བ་དགོས་པས།ནད་བསྟེན་དཀའ་བ་དང་བུ་རྒྱུད་སློབ་གྲྭར་འགྲོ་དཀའ་བ་རེད།ད་ལྟར་གཞིས་ཆགས་རྗེས།ང་ཚོའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་།དེ་ནི་སེམས་གཏིང་ནས་ཏང་ལ་དཀའ་དྲིན་ཆེ་ཞུ།ཏང་གིས་སྲིད་ཇུས་བཟང་པོ་ལག་བསྟར་བྱས་པར་དཀའ་དྲིན་ཆེ་ཞུས།
ཤེས་རྟོགས་བྱུང་བར་གཞིགས་ན།བརྒྱད་ཟིལ་རྫོང་གི་འབྲོག་པའི་གཞིས་ཆགས་བྱ་སྤྱོད་འཆར་གཞིའི་ནང་འབྲོག་དུད་985དང་ཁྱོན་བསྡོམས་མི3902ཀྱི་གནས་སྤོའི་ལས་འགན་འགྲུབ་པ།ཤང་དང་གྲོང་རྡལ14དང་འབྲེལ་བ་ཡོད་པ།དེའི་ནང་གཅིག་བསྡུད་བཀོད་སྒྲིག་བྱེད་ས14དང་ཐར་ཐོར་བཀོད་སྒྲིག་བྱེད་ས7འདུས་ཡོད་པ་རེད།མིག་སྔར།རྫོང་ཡོངས་ཀྱིས་འབྲོག་དུད645ཡི་གཞིས་ཆགས་ལས་འགན་འགྲུབ་པ།ལས་འགན་འགྲུབ་ཚད་ཀྱི་བརྒྱ་ཆ་65.48གྲུབ་ཡོད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10