ཕྱུག་ལོ། མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-05-20
ཞིན་ཧྭ་གསར་འགྱུར་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་བདུན་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་ས་ཨར་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕེན་གྱིས་ཧྥེ་ས་ཨར་བརྒྱུད་དེ་སོ་ཏི་ཨརབ་ཀྱི་རྒྱལ་པོ་ཨ་པུའུ་ཏུའུ་ལར་འཚམས་འདྲི་མཛད། ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཀྲུང་གོས་ནམ་ཡང་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་བོར་དམིགས་ཏེ་ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཅི་འདྲ་བྱུང་ནའང་། སོི་ཏི་ཨ་རབ་བར་གྱི་མཛའ་མཐུན་འབྲེལ་བ་གོང་འཕེལ་དུ་གཏོང་རྒྱུ་ནི་ཀྲུང་གོའི་ནམ་ཡང་འགྱུར་བ་མེད་པའི་བྱེད་ཕྱོགས་ཡིན། ཕྱོགས་གཉིས་ཀྱིས་འགྲོ་འོང་ཇེ་ཟབ་དང་ཡིད་ཆེས་ཇེ་ཆེར་བཏང་ནས། སྔར་ལས་འཐུས་ཚང་དང་བརྟན་འཇགས། རྒྱུན་བསྲིང་བཅས་ཀྱི་ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་འཐབ་ཇུས་རང་བཞིན་གྱི་མཛའ་མཐུན་འབྲེལ་བ་བསྐྲུན་དགོས་ཟེར།
ཧྥེ་ས་ཨར་གྱིས་སོ་ཏི་ཨ་རབ་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་པ་དང་། ཀྲུང་གོའི་བར་གྱི་བརྗེ་རེས་དང་མཉམ་ལས་རྒྱ་བསྐྱེད་དེ། ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ཀྱི་གྲོས་མོལ་དང་མཐུན་སྦྱོར་ལ་ཤུགས་སྣོན་འདོད་ཅེས་བསྟན།
ཧྥེ་ས་ཨར་གྱི་དབུས་ཤར་མཚོ་ཁུག་ས་ཁུལ་གྱི་གནད་བབ་ཐད་ཀྱི་ལྟ་ཚུལ་ལ་གསན་རྗེས། ཞི་ཅིན་ཕེན་གྱིས་བསྟན་དོན། དེང་སྐབས་ས་ཁུལ་དེ་རུ་མུ་མཐུད་རྙོག་འཛིང་གི་འགྱུར་ལྡོག་འབྱུང་བཞིན་ཡོད་ལ། ཀྲུང་གོས་འབྲེལ་ཡོད་གནད་དོན་དེ་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་པར་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། སོ་ཏི་ཨ་རབ་བར་གྱི་འབྲེལ་འདྲིས་དང་གཞོགས་འདེགས་ལ་ཤུགས་བསྣན་ཏེ། ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10