ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

        2014-11-07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།ཚོགས་ཐོག་ནས་ཞིབ་བཤེར་ཆོག་མཆན་ལས་གཞི་ཇེ་ཉུང་དུ་གཏོང་བ་དང་། དངུལ་གཏོང་ལས་གཞི་དྲ་ཐོག་ནས་ཞིབ་བཤེར་ཆོག་མཆན་འགོད་པ། དངུལ་གཏོང་སྦས་ཤུགས་དང་འཕེལ་རྒྱས་སྟོབས་ཤུགས་སྔོག་འདོན་བྱེད་རྒྱུའི་ཐག་བཅད་པར་མ་ཟད།ཤེས་བྱའི་ཐོན་དངོས་བདག་དབང་ལ་སྲུང་སྐྱོབ་དང་བཀོལ་སྤྱོད་བྱེད་པའི་བྱ་བ་གཙིགས་སུ་འཛིན་པར་བཀོད་སྒྲིག་བྱས་ནས། གསར་སྐྲུན་ལས་སྤེལ་བྱེད་པ་དང་། ཀྲུང་གོ་བཟོ་སྐྲུན་ཞེས་པའི་རིམ་པ་སྤར་དགོས་ཞེས་བསྟན།

ཚོགས་ཐོག་ནས་བསྟན་དོན། སྲིད་གཞུང་བྱ་བའི་སྙན་ཞུའི་རེ་བ་ལྟར། བཅོས་བསྒྱུར་གསར་སྐྲུན་ལམ་ལུགས་འཛུགས་པ་ནས་མགོ་བཙུགས་ཏེ།སྔོན་གྱི་ཞིབ་བཤེར་ཆོག་མཆན་འགོད་པའི་ལམ་ལུགས་ཇེ་ཉུང་དུ་གཏོང་བ་དང།མཚམས་སྦྱོར་ཞབས་ཕྱིའི་ལས་ཁུངས་ཚད་ལྡན་དུ་གཏོང་དགོས་ལ།སྔར་ལས་སྟབས་བདེ་དང་མངོན་གསལ་ཡིན་པའི་དངུལ་གཏོང་ལས་གཞིར་ཡར་སྐུལ་བཏང་སྟེ།ཁྲིམས་སྐྱོང་སྲིད་གཞུང་དང་དེང་རབས་སྲིད་གཞུང་འཛུགས་སྐྲུན་བྱེད་པར་ཁོར་ཡུག་བཟང་བོ་བསྐྲུན་དགོས་ཟེར།

 གྲོས་ཚོགས་སྟེང་བལྟས་ན།ཤེས་བྱའི་ཐོན་དངོས་བདག་དབང་ནི་ཐོན་ཁུངས་གཙོ་བོ་དང་འགྲན་རྩོད་སྟོབས་ཤུགས་འཕེལ་རྒྱས་སུ་གཏོང་བའི་རྒྱུ་རྐྱེན་གཙོ་བོ་ཡིན། རྒྱལ་ཁབ་ཤེས་བྱའི་ཐོན་དངོས་བདག་དབང་འཐབ་ཇུས་རྩ་གནད་སྔར་ལས་ལག་བསྟར་བྱས་ནས།ཤེས་བྱའི་ཐོན་དངོས་བདག་དབང་ལ་སྔར་ལས་སྲུང་སྐྱོབ་དང་བཀོལ་སྤྱོད་བཟང་བོ་བྱེད་པའི་ཁྲིམས་སྐྱོང་དང་ཚོང་ར། རིག་གནས་ཀྱི་ཁོར་ཡུག་བསྐྲུན་དགོས། དེ་ནི་སྲིད་གཞུང་གི་ལྟ་སྐུལ་དོ་དམ་བྱ་བའི་འགན་འཁྲི་ཡིན་ལ།གསར་སྐྲུན་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ཕན་པ་ཡོད།གསར་སྐྲུན་ཅན་ཁྲི་སྟོང་མང་པོས་གསར་སྐྲུན་གྱི་གྲུབ་འབྲས་ལ་བརྟེན་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་།རང་ཉིད་ཀྱི་རིན་ཐང་མངོན་འགྱུར་བྱས་ཏེ།དཔལ་འབྱོར་གྱི་ཕན་འབྲས་མཐོར་འདེགས་སུ་གཏོང་བ་དང་རིམ་པ་སྤར་དགོས་པར་སྙམ།

  • ལེ་ཚན་སྔོན་མ།:ལིས་ཁི་ཆང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་རབ་དང་རིམ་པར་ཞུགས་རྒྱུ་ཡིན་པར་མ་ཟད་འབར་མ་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་གནང་རྒྱུ་རེད།
  • ལེ་ཚན་རྗེས་མ།:ཉིང་ཁྲི་ས་ཁུལ་གྱིས་གནམ་གཤིས་ཞབས་ཞུ་འཕྲིན་ཕྲན་སྟེགས་བུ་བཙུགས།
  • དོ་སྣང་ཆེ་བའི་རྩོམ།