རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི༼གཏན་འབེབས༽དང་ཁྲིམས་ལྟར་རྒྱལ་སྐྱོང་བྱེད་པར་དོ་སྣང་ཆེན་པོ་གནང་།

གངས་སྐྱིད་ཀྱིས་བསྒྱུར།        2014-10-27

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ10པའི་ཚེས23ཉིན་ནས་འབྱོར་བའི་གཏམ་གསར།གོང་ཚེས་ཉིན་མཇུག་སྒྲིལ་བའི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག《ཀྲུང་གུང་ཀྲུང་དབྱང་གིས་སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱེད་པར་སྐུལ་འདེད་གཏང་རྒྱུའི་སྐོར་གྱི་གལ་ཆེན་གྱི་གནད་དོན་དུ་མའི་གཏན་འབེབས》གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། རྒྱལ་སྤྱིའི་གླེང་ཕྱོགས་དང་མི་སྣས《གཏན་འབེབས》ཐོག་མཛད་པའི་འཆར་འགོད་དང་ཁྲིམས་ལྟར་རྒྱལ་སྐྱོང་བྱེད་པ་དེ་ཀྲུང་གོས་སྒོ་ཀུན་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བར་ཁྲིམས་སྐྱོང་གི་ཁོར་ཡུག་དེ་བས་ཡག་པོ་གཉེར་ཐུབ་པ་དང་།བཅོས་བསྒྱུར་སྒོ་འབྱེད་ཀྱི་གྲུབ་འབྲས་སྲུང་སྐྱོང་བྱེད་ཐུབ་པ་རེད་ཅེས་ཡོངས་ཁྱབ་ཏུ་ངོས་འཛིན་བྱས་ཡོད།
    དབྱིན་ཇིའི་གསར་འགྱུར་ཁང་གིས་གསར་འགོད་བྱས་པ་ལྟར།ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བའི་བྱེད་ཐབས་དེ་འཛམ་གླིང་གི་དཔལ་འབྱོར་གྱི་སྒྲིག་གཞི་ཨང་གཉིས་པའི་ཚོང་ར་དཔལ་འབྱོར་འཁོར་སྐྱོད་བྱེད་པར་ཆ་བཞག་ན་གལ་འགངས་ཆེ་བ་རེད།ཐེངས་འདིའི་གྲོས་ཚོགས་ཐོག་ཀྲུང་གོ་གུང་ཁྲན་ཏང་གིས་རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་བྱ་རྒྱུའི་ལམ་ལུགས་འཐུས་སྒོ་ཚང་ཏུ་གཏོང་བ་དང་། རྒྱལ་ཡོངས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་རྩ་ཁྲིམས་ལ་ལྟ་སྐུལ་བྱ་རྒྱུའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏང་རྒྱུ་ནན་པོར་བསྟན་ཡོད།
    ཨ་རིའི་གསར་འགྱུར་ཁང་གིས་གསར་འགོད་བྱས་པ་ལྟར།ཀྲུང་གོ་གུང་ཁྲན་ཏང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་མཇུག་སྒྲིལ་རྗེས་སྤེལ་བའི་སྤྱི་བསྒྲགས་ནང་རྩ་ཁྲིམས་དང་བཅའ་ཁྲིམས་ལྟར་རྒྱལ་སྐྱོང་བྱ་རྒྱུ་དང་། ཁྲིམས་འཛིན་ལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་ཚོད་འཛིན་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད།
    ཧྥ་རན་སེའི་གསར་འགྱུར་ཁང་གིས་གསར་འགོད་བྱས་པ་ལྟར།ཀྲུང་གོ་གུང་ཁྲན་ཏང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུའི་ཐོག་བསྐྱོད་པ་རྒྱུན་འཁྱོངས་བྱ་རྒྱུ་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་བསྐྲུན་རྒྱུ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཡོད། ཐེངས་འདིའི་གྲོས་ཚོགས་འཚོགས་པ་ཡིས་འཛམ་གླིང་ཐོག་དཔལ་འབྱོར་གྱི་སྒྲིག་གཞི་ཨང་གཉིས་པ་ཡིན་པའི་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་ལམ་བུརདམིགས་ཡུལ་བཙུགས་ཡོད།
    འཇར་མན་གྱི་གསར་འགྱུར་ཁང་གིས་གསར་འགོད་བྱས་པ་ལྟར།མཇུག་སྒྲིལ་མ་ཐག་པའི་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཚན་པས་འབྲེལ་ཡོད་ཀྱི་ལམ་ལུགས་བཙུགས་ཏེ་འགོ་ཁྲིད་ལས་བྱེད་པས་ཁྲིམས་འཛིན་བྱེད་སྒོར་ཐེ་གཏོགས་བྱེད་པར་ཚོད་འཛིན་བྱ་རྒྱུ་དང་།ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས།
    ཐེ་གོའི《ཡ་གླིང་ཉིན་རེའི་ཚགས་པར》གྱི་འགོ་འཛིན་པ་གཞོན་པ་ཆན་ཧྥེང་གིས་ཀྲུང་གོས་བཅོས་བསྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་གནད་འགག་གི་དུས་སྐབས་སུ《གཏན་འབེབས》བཏོན་པར་དུས་རབས་འབྱེད་པའི་སྙིང་དོན་ལྡན་པ་དང་། དུས་གཏན་དུ་ཀྲུང་གོའི་ལོ་རྒྱུས་ཀྱི་དེབ་ཐེར་ཐོག་ལ་འཇོག་རྒྱུ་རེད་ཅེས་ངོས་འཛིན་བྱས།།
  • ལེ་ཚན་སྔོན་མ།:ལོ་ལྔ་བཅུའི་རིང་བོད་ལྗོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ལྡབ13འཕར་བ །
  • ལེ་ཚན་རྗེས་མ།:ལི་ཁེ་ཆང་གིས་ཆེ་ཁིའི་སྲིད་འཛིན་ལ་མཇལ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།