འཛམ་གླིང་རྒྱ་ཡིག་ཚགས་པར་ལས་རིགས་མཐུན་ཚོགས་ཀྱི་ལོ་ཚོགས་སྐབས་ཞེ་བདུན་པ་པེ་ཅིན་ནས་ཚོགས་མགོ་བརྩམས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-10-22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་རྒྱ་ཡིག་ཚགས་པར་ལས་རིགས་མཐུན་ཚོགས་ཀྱི་ལོ་ཚོགས་སྐབས་ཞེ་བདུན་པ་ཚེས་བཅུ་དགུ་ཉིན་པེ་ཅིན་ནས་ཚོགས་མགོ་བརྩམས།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན།ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི།ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ཆི་པའོ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཞུ་ཚིག་ཕུལ།ལིག་ཆི་པའོ་ཡིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར།བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ།ཀྲུང་གོར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་།ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་བྱུང་སྟེ།རྒྱལ་སྤྱིའི་སྟེང་གི་གོ་གནས་མངོན་གསལ་སྒོས་ཇེ་མཐོར་སོང་བར་མ་ཟད།ཉིན་རེ་བཞིན་འཛམ་གླིང་གི་གར་སྟེགས་གཙོ་བོར་སྐྱོད་བཞིན་ཡོད།དེང་སྐབས།ཀྲུང་གོའི་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་བརྒྱུད་དེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཧུར་ཐག་སྒོས་འབད་བརྩོན་བྱེད་བཞིན་ཡོད་ལ།ཕྱི་རྒྱལ་དུ་ཡོད་པའི་རྒྱ་ཡིག་ཚགས་པར་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་ཀྲུང་གོ་སྔར་ལས་མཚམས་སྦྱོར་བྱེད་པ་དང་།ཀྲུང་གོའི་བགྲོད་ལམ་དང་ཀྲུང་གོའི་ཕུགས་འདུན་སྔར་ལས་མཚམས་སྦྱོར་བྱས་ནས།དེང་རབས་ཀྲུང་གོའི་རིན་ཐང་ལྟ་བ་བརྒྱུད་སྒྲོག་བྱེད་པ་དང།ཀྲུང་ཧྭ་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ངོམ་ནས།ཕྱི་རྒྱལ་གྱི་ཀྲུང་གོ་བས་རླབས་ཆེན་མེས་རྒྱལ་ལ་བཅངས་པའི་བརྩེ་དུང་ཟབ་མོ་ཇེ་དྲག་ཏུ་གཏོང་བ་དང་།ཀྲུང་གོ་མི་དམངས་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བཤེས་ཇེ་དམ་དུ་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་རེ་བ་བཏོན།སྐབས་འདིའི་ལོ་ཚོགས་ཀྱི་བརྗོད་བྱ་གཙོ་བོ་ནི་རྒྱ་ཡིག་ཚགས་པར་ལས་རིགས་ཀྱི་རྣམ་པ་བསྒྱུར་བ་དང་གསར་སྐྲུན་བྱེད་པ་ཞེས་པ་དེ་རེད།ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དང་ཐའེ་ཝན་ས་ཁུལ།མ་ལེ་ཞི་ཡ།སིང་ཀ་ཕོར།འཇར་པན།ཧན་གོ།ཐེ་གོཉིན་རྡུ་ཉི་ཞི་ཡ།ཨ་མེ་རི་ཁ།ཁ་ན་ཏ།ཨུ་རུ་སི།ནེའུ་ཙི་ལན་སོགས་ས་ཁུལ་གྱི་རྒྱ་ཡིག་ཚགས་པར་ལས་རིགས་ཀྱི་མཐོ་རིམ་མི་སྣ་བརྒྱད་ཅུ་ལྷག་ལོ་ཚོགས་སུ་ཞུགས།  ། 
  • ལེ་ཚན་སྔོན་མ།:ཧྥ་རན་སིའི་རེམ་ཐི་རོར་ལ2014ལོའི་ནོ་པེལ་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ།
  • ལེ་ཚན་རྗེས་མ།:ལོ་ལྔ་བཅུའི་རིང་བོད་ལྗོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ལྡབ13འཕར་བ །
  • དོ་སྣང་ཆེ་བའི་རྩོམ།