ཧྥ་རན་སིའི་ལྷོ་ཕྱོགས་ས་ཁུལ་དུ་དྲག་ཆར་གྱི་འཇིགས་པ་བྱུང་བ།

    ཞིན་ཧྭ་གསར་འགྱུར་དྲ་བ།    2011-11-09

ཧྥ་རན་སིའི་བརྙན་འཕྲིན་ཁང་གིས་ཚེས་དྲུག་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཧྥ་རན་སི་ལྷོ་ཕྱོགས་ས་ཁུལ་དུ་ཉེ་སྔོན་བསྟུད་མར་དྲག་ཆར་གྱི་འཇིགས་པ་བྱུང་སྟེ། ཆུ་ལོག་གི་གནོད་འཚེ་བྱུང་ནས་ཨེ་ལོ་ཞིང་ཆེན་ནས་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་བུད་མེད་ཆུང་ཆུང་ཞིག་གར་སོང་མ་རྙེད་ལ། མི་བརྒྱ་ཕྲག་འགའ་ཕ་ཡུལ་དང་བྲལ་ནས་བདེ་འཇགས་ས་ཁུལ་དུ་སོང་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཨེ་ལོ་ཞིང་ཆེན་གྱི་གཙང་བོའི་རགས་ཁ་ཞིག་ཤོར་ནས་ཆུ་ལོག་ཆེན་པོས་སྲང་ལམ་ཡོངས་སུ་བསྣུབས་པ་དང་། མི་མང་བོར་ཆུ་ལོག་གི་བཀག་རྐྱེན་ཐེབས། དྲག་ཆར་དེ་ལས་ཨེ་ལོ་ཞིང་ཆེན་གྱི་ས་ཁུལ་རེ་འགར་གློག་ཆད་པ་དང་སློབ་གྲྭའི་སློབ་ཁྲིད་མཚམས་འཇོག་དགོས་བྱུང་། ཧྥོ་ལོས་རོས་སི་ཞིང་ཆེན་གྱི་རྒུད་སྐྱོབ་མི་སྣས་ཁྱིམ་ཚང་རེ་རེ་བཞིན་སྔོག་བཤེར་བྱས་ཏེ་ཁྱིམ་དུ་ལུས་ཡོད་པའི་ལོ་ལོན་དག་བདེ་འཇགས་ས་ཁུལ་དུ་བསྐྱལ།

  • ལེ་ཚན་སྔོན་མ།:འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་དམིགས་བསལ་གྲོས་ཚོགས་ནས་བཅོས་བསྒྱུར་གྲོས་གཞི་ལ
  • ལེ་ཚན་རྗེས་མ།:ཐུར་ཁེའི་ཤར་ཕྱོགས་ས་ཁུལ་དུ་ཚད་རིམ་ལྔ་དང་གྲངས་ཆུང་དྲུག་གི་ས་འགུལ་བྱུང་།
  • དོ་སྣང་ཆེ་བའི་རྩོམ།