ཧུའུ་ཅིན་ཐའོ་ཡིས་ཧྥ་རན་སིའི་ཙུང་ཐུང་ས་ཁི་ཆི་ལ་མཇལ་འཕྲད་གནང་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-11-04

ཧུའུ་ཅིན་ཐའོ་ཡིས་ཧྥ་རན་སིའི་ཙུང་ཐུང་ས་ཁི་ཆི་ལ་མཇལ་འཕྲད་གནང་བ།
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཐེངས་དྲུག་པར་ཞུགས་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཚེས2ཉིན་ཀ་ན་ནས་ཧྥ་རན་སིའི་ཙུང་ཐུང་ས་ཁི་ཆི་ལ་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་ཀ་ནའི་མཐོ་རིམ་གྲོས་ཚོགས་ཀྱི་འབྲེལ་ཡོད་གནད་དོན་སོགས་ཐད་ནས་དགོངས་འཆར་བརྗེ་རེས་མཛད།

ཧུའུ་ཅིན་ཐའོ་ཡིས་གསུངས་རྒྱུར། དེང་སྐབས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་སྔར་བཞིན་བརྟན་འཇགས་མིན་པ་དང་གཏན་ཁེལ་མེད་པའི་རྒྱུ་རྐྱེན་སྣ་ཚོགས་ལ་འཕྲད་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀ་ནའི་མཐོ་རིམ་གྲོས་ཚོགས་ལ་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད། ཀྲུང་གོས་ཧྥ་རན་སི་ཕྱོགས་ཀྱིས་མཐོ་རིམ་གྲོས་ཚོགས་བཟང་པོར་བསྡུ་བར་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་མཉམ་ལས་མཉམ་རྒྱལ་གྱི་སྙིང་སྟོབས་དར་སྤེལ་བྱེད་པ་དང་། མཐོ་རིམ་གྲོས་ཚོགས་བརྒྱུད་དེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་འཕར་སྣོན་འབྱུང་བར་བྱེད་པ་དང་བརྟན་འཇགས་ལ་ཡར་སྐུལ་བྱེད་པའི་བརྡ་གསལ་བོ་ཞིག་སྟོན་རྒྱུའི་རེ་བ་བཅངས་ཡོད། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་ཏེ་ཀ་ནའི་མཐོ་རིམ་གྲོས་ཚོགས་དེ་མཐུན་སྒྲིལ་དང་མཉམ་ལས། མཉམ་རྒྱལ་བཅས་ཀྱི་གྲོས་ཚོགས་ཤིག་ཏུ་བསྡུ་རྒྱུ་ནི་ང་ཚོའི་རེ་བ་ཡིན་ཟེར།

ས་ཁི་ཆི་ཡིས་བཤད་རྒྱུར། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་ཀ་ནའི་མཐོ་རིམ་གྲོས་ཚོགས་ལ་གྲ་སྒྲིག་བྱེད་པའི་ཐད་ནས་འབད་བརྩོན་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད་ལ། ཀྲུང་གོའི་བར་གྱི་གཞོགས་འདེགས་དང་མཉམ་ལས་ལ་ཤུགས་བསྣོན་པ་དང་། འབྲེལ་ཡོད་ཕྱོགས་སོ་སོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། མཐོ་རིམ་གྲོས་ཚོགས་ལ་གྲུབ་འབྲས་བཟང་པོ་ཐོབ་ཏུ་འཇུག་འདོད་ཡོད་ཟེར། །


 

  • ལེ་ཚན་སྔོན་མ།:ལི་པུ་ཡཱའི་རྒྱལ་ཡོངས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཅཱ་ལེ་ལེ་ཡིས་ཨེ་ཅིབ་རྒྱལ་ཁབ་ལ་འཚམས་འདྲི་བྱས་པ
  • ལེ་ཚན་རྗེས་མ།:འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་དམིགས་བསལ་གྲོས་ཚོགས་ནས་བཅོས་བསྒྱུར་གྲོས་གཞི་ལ
  • དོ་སྣང་ཆེ་བའི་རྩོམ།