ལི་པུ་ཡཱའི་གནས་སྐབས་སྲིད་གཞུང་འཛུགས་པའི་འཆར་གཞི་ཉིན་བཅུའི་ནང་དུ་ཁྱབ་སྒྲོག་བྱེད་རྒྱུ་ཡིན་པ།

        2011-09-13

ལི་པུ་ཡཱའི་རྒྱལ་ཡོངས་བར་བརྒལ་ཨུ་ཡོན་ལྷན་ཁང་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཅཱ་པུའུ་ལི་ལེ་ཡིས་ཚེས་བཅུ་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། མིག་སྔར་འབྲེལ་ཡོད་ཕྱོགས་ཀྱིས་རྒྱལ་ཡོངས་རང་བཞིན་གྱི་གནས་སྐབས་སྲིད་གཞུང་རྩ་འཛུགས་བྱེད་པར་གྲོས་མོལ་བྱེད་བཞིན་ཡོད་པ་དང་། ཚོད་དཔག་བྱས་ན་གནས་སྐབས་སྲིད་གཞུང་འཛུགས་པའི་འཆར་གཞི་དེ་གཟའ་འཁོར་གཅིག་གམ་ཡང་ན་ཉིན་བཅུའི་ནང་དུ་ཁྱབ་སྒྲོག་བྱེད་རྒྱུ་རེད།ཅཱ་པུའུ་ལི་ལེ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མི་འགྱངས་པར་འཛུགས་རྒྱུ་ཡིན་པའི་གནས་སྐབས་སྲིད་གཞུང་དེས་ད་རུང་བཅིངས་འགྲོལ་བྱས་མེད་པ་དང་ཁཱ་ཀྲ་ཧྥེའི་དམག་དཔུང་གིས་བཟུང་བའི་ས་ཁུལ་དག་འདུས་པའི་རྒྱལ་ཡོངས་དབང་དུ་བྱེད་རྒྱུ་ཡིན་པ་དང་། གནས་སྐབས་སྲིད་གཞུང་དེ་འཛུགས་པའི་འཆར་གཞི་དེ་གཟའ་འཁོར་གཅིག་གམ་ཡང་ན་ཉིན་བཅུའི་ནང་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ལ། ཆེས་མཇུག་མཐའི་རྩ་འཛུགས་གྲོས་གཞིའི་སྐོར་གྱི་གྲོས་མོལ་དེ་ཉིན་འདི་འགར་མུ་མཐུད་དུ་སྤེལ་རྒྱུ་རེད་ཟེར།ཅཱ་པུའུ་ལི་ལེ་ཡིས་བཤད་རྒྱུར། རྒྱལ་ཡོངས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཅཱ་ལེ་ལེ་ཡི་མགོ་འཛིན་འོག་གསར་བརྗེའི་དྲག་ཆས་ཕྱོགས་ཁག་ལེགས་སྒྲིག་བྱེད་པ་དང་། ཟླ་ཕོགས་སྟེར་བ་དང་རྡོ་སྣུམ་གྱི་ཐོན་སྐྱེད་ཇེ་མང་དུ་གཏོང་བ། རྒྱལ་ཡོངས་རང་བཞིན་གྱི་གནས་སྐབས་སྲིད་གཞུང་འཛུགས་པ་སོགས་ལི་པུ་ཡཱའི་མི་རིགས་འགྲིག་མཐུན་གྱི་ལས་དོན་སྤེལ་རྒྱུ་རེད་ཟེར།

  • ལེ་ཚན་སྔོན་མ།:ཨ་ཧྥུའུ་ཧན་དབུས་ཕྱོགས་སུ་ཡོད་པའི་་བྱང་ཆིངས་རྩ་འཛུགས་ཀྱི་དམག་སྒར་ཞིག་ལ་འཇབ་རྒོལ་ཐེབས་ཏེ་མི་མང་བོར་རྨས
  • ལེ་ཚན་རྗེས་མ།:ཞི་ལཱ་རྒྱལ་ཁབ་ཀྱིས་དཔལ་འབྱོར་འགྲོ་སོང་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།