ཨུ་རུ་སིའི་འཐབ་འཛིང་གནམ་གྲུ་ཞིག་སར་ལྷུང་ནས་མི་གཉིས་རྐྱེན་ལམ་དུ་ཤོར་བ།

        2011-09-08

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་དྲུག་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་མཁའ་དམག་གི་མུས་ཀི—31རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཞིག་ཉིན་དེར་ཨུ་རུ་སིའི་པིས་ཨར་མུའུ་མཐའ་མཚམས་ས་ཁུལ་ནས་སར་ལྷུང་སྟེ། གནམ་གྲུའི་སྟེང་གི་ཁ་ལོ་བ་གཉིས་པོ་རྐྱེན་ལམ་དུ་ཤོར་ཟེར།ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཁི་ནཱ་ཧྲིན་ཁི་ཧྥུའུ་ཡིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཉིན་དེའི་སྔ་དྲོའི་དུས་ཚོད་དྲུག་དང་སྐར་མ་ཞེ་གཅིག་སྟེང་། རྒྱུན་ལྡན་གྱི་འཕུར་བསྐྱོད་ལས་འགན་ལག་བསྟར་བྱེད་པའི་མུས་ཀི—31རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་གར་སོང་མ་རྙེད་པ་དང་། དུས་ཚོད་གཅིག་ཙམ་གྱི་རྗེས་སུ། རྒུད་སྐྱོབ་གྱེན་འཕུར་གནམ་གྲུས་འཐབ་འཛིང་གནམ་གྲུ་དེ་སར་ལྷུང་སའི་གནས་རྙེད་པ་དང་། དེའི་རྗེས་སུ་གནམ་གྲུའི་སྟེང་གི་ཁ་ལོ་བ་གཉིས་པོ་རྐྱེན་ལམ་དུ་ཤོར་བ་བདེན་དཔང་བྱས།ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཆེད་དོན་ཨུ་ཡོན་ལྷན་ཁང་བཙུགས་ཏེ་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། རྒྱུ་རྐྱེན་གསལ་བོར་མ་ཤེས་གོང་གནས་སྐབས་སུ་མུས་ཀི–31རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཚང་མའི་འཕུར་བསྐྱོད་མཚམས་འཇོག་རྒྱུའི་བཀའ་རྒྱ་བཏང་།

  • ལེ་ཚན་སྔོན་མ།:ཨུ་རུ་སི་དང་པཱ་ཞིའི་ཕྱི་འབྲེལ་བློན་ཆེན་གྱིས་ལི་པུ་ཡཱའི་ཕྱོགས་སོ་སོས་དྲག་ཆས་འགུལ་བསྐྱོད་མཚམས་འཇོག་དགོ
  • ལེ་ཚན་རྗེས་མ།:ཨ་མེ་རི་ཁའི་ཉིག་ཡོ་གྲོང་ཁྱེར་ནས་མེ་མདའི་འཁྲུག་རྩོད་བྱུང་སྟེ་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་ཞེ་བདུན་
  • དོ་སྣང་ཆེ་བའི་རྩོམ།