འཛམ་གླིང་ཤུལ་བཞག་རིག་དངོས་ཚོགས་ཆེན་ཚེས་བཅུ་བདུན་ཉིན་དབྱི་སི་ཐན་པོར་ནས་སླར་གསོ་བྱས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2016-07-20

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ཤུལ་བཞག་རིག་དངོས་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་དྲུག་ཉིན་ཁྱབ་སྒྲོག་བྱས་དོན། ཐུར་ཁེའི་སྲིད་གཞུང་གིས་སྐབས་བཞི་བཅུ་བའི་འཛམ་གླིང་ཤུལ་བཞག་རིག་དངོས་ཚོགས་ཆེན་ཉིན་གཅིག་ལ་མཚམས་བཞག་རྗེས་ཚེས་བཅུ་བདུན་ཉིན་དབྱི་སི་ཐན་པོར་ནས་སླར་གསོ་བྱེད་རྒྱུ་མ་ཟད། ཤུལ་བཞག་རིག་དངོས་སུ་རེ་ཞུ་བྱས་པའི་ལས་གཞི་ཡོངས་རྫོགས་ལ་གྲོས་ཞིབ་དང་འབྲེལ་ཡོད་གྲོས་རིམ་ཡོངས་འགྲུབ་བྱས་རྗེས་ཉིན་དེར་གྲོལ་རྒྱུ་རེད།

མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་གསར་འགྱུར་ལས་རིགས་ལ་བརད་བཏང་སྟེ། སླར་གསོ་བྱས་པའི་འཛམ་གླིང་ཤུལ་བཞག་རིག་དངོས་ཚོགས་ཆེན་དེ་ཉིན་གཅིག་ལ་སྤེལ་རྒྱུ་ཡིན་པ་དང་། ཤུལ་བཞག་རིག་དངོས་ལ་རེ་ཞུ་བྱས་པའི་ལས་གཞིར་གྲོས་ཞིབ་དང་གྲོས་རིམ་གཞན་པ་ཚང་མ་ཡོངས་འགྲུབ་བྱས་རྗེས་ཚེས་བཅུ་བདུན་ཉིན་ཚོགས་ཆེན་གྲོལ་རྒྱུ་རེད།

འཛམ་གླིང་ཤུལ་བཞག་རིག་དངོས་ཚོགས་ཆེན་དེ་ཟླ་འདིའི་ཚེས་བཅུ་ཉིན་ཚོགས་མགོ་བརྩམས་པ་དང་། ཚེས་ཉི་ཤུའི་ཉིན་མཇུག་སྒྲིལ་རྩིས་ཡོད། ཉིན་རིམ་བཀོད་སྒྲིག་ལྟར་ན། ཚོགས་ཆེན་དེས་ཚེས་བཅོ་ལྔ་ཉིན་ནས་བཟུང་ཉིན་གསུམ་ལ་ད་ལོར་མིང་བཏོན་པའི་འཛམ་གླིང་ཤུལ་བཞག་རིག་དངོས་ཀྱི་མིང་ཐོ་ལ་གྲོས་ཞིབ་བྱེད་རྩིས་ཡོད། ཚེས་བཅོ་ལྔ་ཉིན་གྱི་དགོང་མོར་ཐུར་ཁེ་ནས་གློ་བུར་དུ་་དམག་དོན་སྲིད་འགྱུར་བྱུང་བས་ཚེས་བཅུ་དྲུག་ཉིན་གྱི་ཞོགས་པར་གནས་སྐབས་སུ་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས་པ་རེད།

ཐེངས་འདིའི་ཚོགས་ཆེན་ནས་ཚེས་བཅོ་ལྔ་ཉིན་འཛམ་གླིང་ཤུལ་བཞག་རིག་དངོས་དགུ་ལ་གྲོས་ཞིབ་བྱས་པ་དང་། དེའི་ནང་ཀྲུང་གོའི་ཀོང་ཞི་ཙོ་ཅང་ཧྭ་བྲག་བརྐོས་རི་མོའི་སྒྱུ་རྩལ་རིག་གནས་གནས་སྐོར་མཛེས་ལྗོངས་སོགས་འདུས། ཚེས་བཅུ་བདུན་ཉིན་གྱི་གྲོས་ཚོགས་ཁྲོད་ཚོགས་ཆེན་ནས་ཤུལ་བཞག་རིག་དངོས་ལ་རེ་ཞུ་བྱས་པའི་ལས་གཞི་ལྷག་མ་བཅོ་བརྒྱད་ལ་གྲོས་ཞིབ་བྱེད་རྒྱུ་རེད།།

  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན་གྱི་གསར་དུ་བསྐོས་པའི་ཞིང་དཔོན་གཞོན་པས་འགན་བཞེས་དམ་བཅའ་བཞག
  • ལེ་ཚན་རྗེས་མ།:ཉིས་སྟོང་བཅུ་དྲུག་ལོའི་དབྱར་ཁའི་ཨོ་ཕེ་ལུས་རྩལ་འགྲན་ཚོགས་སྐབས་སོ་གཅིག་པ་ལིས་ཡོ་མ་ལ་ཁ་ལུས་རྩལ་ཁང་དུ་གཟབ་རྒྱས་ངང་ཚོགས་མགོ་བརྩམས།
  • དོ་སྣང་ཆེ་བའི་རྩོམ།