2014ལོའི་འཛམ་གླིང་བུམ་པའི་རྟིང་རྩོད་འགྲན་བསྡུར་མཇུག་བསྒྲིལ།

        2014-07-15

འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱས་པའི2014ལོའི་འཛམ་གླིང་བུམ་པའི་རྟིང་རྩོད་འགྲན་བསྡུར་ནི་སྐབས20པའི་འཛམ་གླིང་བུམ་པའི་རྟིང་རྩོད་འགྲན་བསྡུར་ཡིན་ཞིང་།  ཐེངས་འདིའི་འགྲན་བསྡུར་ནི2014ལོའི་ཟླ་བ6པའི་ཚེས12ཉིན་ནས་ཟླ་བ7པའི་ཚེས13ཉིན་གྱི་བར་གླིང་ཆེན་ཨ་མེ་རི་ཁ་ལྷོ་མའི་རྒྱལ་ཁབ་པ་ཞིའི་མངའ་ཁོངས་ཀྱི་གྲོང་ཁྱེར12ཀྱི་རྐང་རྩེ་སྤོ་ལོ་ཐང12སུ་སྤེལ་ཡོད།  ཐེངས་འདིའི་འཛམ་གླིང་བུམ་པའི་རྟིང་རྩོད་འགྲན་བསྡུར་ནང་ཞུགས་མཁན་འཛམ་གླིང་ཡོངས་ནས་ཡོང་བའི་སྤོ་ལོ་རུ་ཁག་ཁྱོན་བསྡོམས32ཡོད་ཅིང་།  རུ་ཁག32དེས་པ་ཞིའི་མངའ་ཁོངས་སུ་ཁྱོན་བསྡོམས་འགྲན་བསྡུར་ཐེངས་མ64བྱས་མཐར།བྱ་དགའ་ཨང་དང་པོ་ནས་གསུམ་པ་ཐོབ་མཁན་གྱི་རུ་ཁག་གཟེངས་སུ་ཐོན་པ་རེད།འཇར་མན་རྐང་རྩེད་སྤོ་ལོ་རུ་ཁག་གིས2014ལོའི་འཛམ་གླིང་བུམ་པའི་རྟིང་རྩོད་འགྲན་བསྡུར་དུ་ཨ་ཀེན་ཐི་སྤོ་ལོ་རུ་ཁག་ལས་རྣམ་པ་རྒྱལ་ཏེ་མཐའ་མཇུག་གི་གསེར་གྱི་རྟགས་མ་ཐོབ་པ་དང་།ཨ་ཀེན་ཐེན་གྱི་རྐང་རྩེད་སྤོ་ལོ་རུ་ཁག་ལ་དངུལ་གྱི་རྟགས་མ་ཐོབ།ཧོ་ལན་རྐང་རྩེད་སྤོ་ལོ་རུ་ཁག་ལ་ཨང་གསུམ་པའི་བྱ་དགའ་ཐོབ།མེའེ་སིའི་ལ་ཕུལ་བྱུང་གི་རྐང་རྩེད་སྤོ་ལོ་རུ་ཁག་གི་བྱ་དགའ་ཐོབ།ལའོ་ཏེ་ལི་ཀའེ་སི་ལ་གསེར་ལྷམ་གྱི་བྱ་དགའ་ཐོབ་པ་རེད།
དེ་མིན།འཇར་མན་རྐང་རྩེས་སྤོ་ལོ་རུ་ཁག་གི་སྒོ་སྲུང་ནུ་དབྱི་ཨར་ལ་གསེར་གྱི་ལག་ཤུབས་ཀྱི་བྱ་དགའ་ཐོབ།ཧྥ་རན་སི་རྐང་རྩེད་སྤོ་ལོ་རུ་ཁག་གི་པོ་ཀུ་པ་ལ་ཕུལ་བྱུང་གསར་སྐྱེས་ཀྱི་བྱ་དགའ་ཐོབ།ཁོ་ལོམ་པི་ཡ་རྐང་རྩེད་སྤོ་ལོ་རུ་ཁག་ལ་འདྲ་མཉམ་འགྲན་བསྡུར་གྱི་བྱ་དགའ་ཐོབ།
  • ལེ་ཚན་སྔོན་མ།:ཀྲུང་གོ་དང་སུའེ་ཙེར་བར་གྱི་རང་མོས་ཉོ་འཚོང་གི་ཆོད་དོན་གོ་ཆོད་པ་བྱུང་།
  • ལེ་ཚན་རྗེས་མ།:ཨ་མེ་རི་ཁའི་ཀོན་ཏའོ་ས་ཁུལ་དུ་ཚད་རིམ་བདུན་དང་གྲངས་ཆུང་གཅིག་གི་ས་འགུལ་བྱུང་།
  • དོ་སྣང་ཆེ་བའི་རྩོམ།