མི་རིགས་ཀྱི་དུས་ཆེན་དེ་རྒྱལ་སྤྱིའི་དུས་ཆེན་དུ་གྱུར།

དབང་ཆེན་གྱིས་བསྒྱུར།        2015-12-29

ཉེ་ཆར་སྐབས་གསུམ་པའི་ཀྲུང་གོའི་དུས་ཆེན་གྱི་རྒྱལ་ཡོངས་རིག་གནས་སྤེལ་རེས་ཚོགས་ཆེན་ཐོག་ཀྲུང་གོའི་དར་མདོའི་རྒྱལ་སྤྱིའི་མཛའ་གཞས་དུས་ཆེན་དེ་མི་རིགས་དུས་ཆེན་རྒྱལ་སྤྱི་ཅན་དུ་བསྒྱུར་བའི་རྟོག་ཞིབ་དང་ལག་བསྟར་རྟེན་གཞིར་བྱས་པ་རེད། དར་མདོའི་ཡུལ་སྐོར་རིག་གནས་དུས་ཆེན་ཡིན་པའི་ཆ་ནས་ཀྲུང་གོའི་དར་མདོའི་རྒྱལ་སྤྱིའི་མཛའ་གཞས་དུས་ཆེན་དེ2001ལོར་ཐོག་མར་འགོ་ཚུགས་པ་ནས་ད་ལྟའི་བར་དུ་སྤེལ་ཐེངས་དྲུག་བྱས་ཤིང་ནང་དོན་དང་རྣམ་པའི་ཐད་ནས་ཕུན་སུམ་ཇེ་ཚོགས་སུ་གྱུར་དང་འགྱུར་བཞིན་ཡོད། 2009ལོར་ཀྲུང་གོའི་དར་མདོའི་རྒྱལ་སྤྱིའི་མཛའ་གཞས་དུས་ཆེན་ལ 2009ལོའི་སི་ཁྲོན་ཞིང་ཆེན་གྱི་དུས་ཆེན་གྲགས་ཅན་བཅུའི་མཚན་སྙན་ཐོབ་ཅིང་། 2014ལོར་ཞིང་ཆེན་རིམ་པའི་བོད་ཁུལ་གྱི་དུས་ཆེན་གཙོ་བོ་གཉིས་སུ་གྱུར་པ་རེད།།
  • ལེ་ཚན་སྔོན་མ།:དཀར་མཛེས་གནམ་གྲུ་ཐང་འཛུགས་སྐྲུན་བྱེད་པའི་ཆོག་མཆན་ཐོབ་པ།
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་གིས་གཙོ་འགན་བཞེས་ནས་ཁུལ་ཨུའི་རྒྱུན་ཨུ་གྲོས་ཚོགས་འཚོགས།
  • དོ་སྣང་ཆེ་བའི་རྩོམ།