ཞི་ཅིན་ཕིང་གིས་གློག་འཕྲིན་གྱི་ལམ་ནས་ཕ་ཀི་སི་ཐན་མི་དམངས་ལ་རོགས་སྐྱོར་བྱེད་པའི་རྒྱལ་སྤྱི་ཉིན་མོའི་དྲན་གསོ་ཚོགས་ཆེན་ལ་རྟེན་འབྲེལ་ཞུས།

    མི་དམངས་དྲ་བ།    2015-11-27

ཞི་ཅིན་ཕིང་གིས་གློག་འཕྲིན་གྱི་ལམ་ནས་ཕ་ཀི་སི་ཐན་མི་དམངས་ལ་རོགས་སྐྱོར་བྱེད་པའི་རྒྱལ་སྤྱི་ཉིན་མོའི་དྲན་གསོ་ཚོགས་ཆེན་ལ་རྟེན་འབྲེལ་ཞུས།

 སྤྱི་ཟླ་11པའི་ཚེས་23ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕ་ཀི་སི་ཐན་མི་དམངས་ལ་རོགས་སྐྱོར་བྱེད་པའི་རྒྱལ་སྤྱི་ཉིན་མོའི་དྲན་གསོ་ཚོགས་ཆེན་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གློག་འཕྲིན་གྱི་ལམ་ནས་ཚོགས་ཆེན་ལ་རྟེན་འབྲེལ་ཞུས།
 ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་མགྱོགས་མྱུར་ངང་ཕ་ཀི་སི་ཐན་གནད་དོན་དེ་ཕྱོགས་ཡོངས་དང་དྲང་བདེན་སྒོས་ཐག་གཅོད་བྱེད་པ་ནི་ཕ་ཀི་སི་ཐན་སོགས་ས་ཁུལ་གྱི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཁེ་ཕན་དང་མཐུན་པར་མ་ཟད། འཛམ་གླིང་གི་ཞི་བདེ་དང་གཏན་འཇགས་ལ་ཕན་པ་ཡོད། ཕ་ཀི་སི་ཐན་གནད་དོན་གྱི་གནད་དོན་ཐག་གཅོད་པར་ངེས་པར་དུ་བློ་བརྟན་འགྱུར་མེད་སྒོས་ཞི་བདེའི་བགྲོ་གླེང་གི་ལམ་དུ་བསྙེག་དགོས། ཀྲུང་གོས་ཕྱོགས་ནས་སོ་སོས་མིག་རྒྱང་རིང་ཞིང་ས་གནས་དམངས་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་ཡུན་རིང་ཁེ་ཕན་ནས་འགོ་བརྩམས་ཏེ་སྔ་མོ་ནས་ཆབ་སྲིད་ཐག་གཅོད་བྱས་ཏེ་མགྱོགས་མྱུར་ངང་བགྲོ་གླེང་ལ་གྲུབ་འབྲས་ལོན་པར་རེ་བ་ཆེན་པོ་བཅངས་ཡོད་ཅེས་བསྟན།
 ཞི་ཅིན་ཕིང་གིས་ཀྲུང་གོས་ལྷག་བསམ་རྣམ་དག་གིས་ཕ་ཀི་སི་ཐན་མི་དམངས་ཀྱི་དྲང་བདེན་གྱི་ལས་ཀར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷན་དུ་དབུས་ཤར་ས་ཁུལ་དུ་ཕྱོགས་ཡོངས་དང་དྲང་བདེན། ཡུན་རིང་བའི་ཞི་བདེ་མངོན་འགྱུར་བྱེད་པར་འབད་པ་བྱ་འདོད་ཅེས་བསྟན།།

  • ལེ་ཚན་སྔོན་མ།:གྲོང་གསེབ་ཡུལ་སྐོར་གྱིས་སི་ཁྲོན་དབུལ་སྐྱོར་འགག་སྒྲོལ་ལ་ཕན་ནུས་ཐོན།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་ཧྥ་རན་སིའི་སྲིད་འཛིན་ཨོ་ལང་ཏི་དང་མཇལ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།