ལི་ཁེ་ཆང་གིས་ལ་ཝོ་སིའི་ཙུང་ལི་ཐོན་ལོན་དང་མཇལ་འཕྲད་གནང་།

        2016-11-30

ལི་ཁེ་ཆང་གིས་ལ་ཝོ་སིའི་ཙུང་ལི་ཐོན་ལོན་དང་མཇལ་འཕྲད་གནང་།

    སྤྱི་ཟླ་11པའི་ཚེས་28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ལ་ཝོ་སིའི་ཙུང་ལི་ཐོན་ལོན་དང་མཇལ་འཕྲད་གནང་།
    ལི་ཁེ་ཆང་གིས་ཀྲུང་གོ་དང་ལ་ཝོ་སི་ནི་མཛའ་མཐུན་གྱི་ཁྱིམ་མཚེས་ཡིན་ཞིང་ཕྱོགས་གཉིས་ཀྱི་དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱས་ཏེ་དངོས་དོན་མཉམ་ལས་བརྟན་བརླིང་ངང་འཕེལ་རྒྱས་སུ་ཕྱིན་ཞིང་རྒྱལ་སྤྱི་དང་ས་གནས་ཁྲོད་ཀྱི་འབྲེལ་འདྲིས་མཐུན་སྦྱོར་ལ་དམ་ཟབ་བྱས་པ་རེད། ཀྲུང་གོའི་ཕྱོགས་ནས་མུ་མཐུད་དུ་ལ་ཝོ་སིའི་བར་གྱི་མཛའ་མཐུན་སྲིད་ཇུས་ལག་བསྟར་བྱེད་སྲིད་པ་དང་བློ་བརྟན་འགྱུར་མེད་སྒོས་ལ་ཝོ་སིའི་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བྱ་ངེས། དེ་མིན་ལ་ཝོ་སི་ཕྱོགས་དང་མཉམ་དུ་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་དང་མཉམ་དུ་འཕེལ་རྒྱས་སུ་ཕྱིན་པར་སྐུལ་འདེད་གཏོང་བ། ས་གནས་ཀྱི་ཞི་བདེ་དང་བརྟན་བརླིང་། དར་རྒྱས་ལ་སྲུང་སྐྱོབ་བྱ་འདོད་ཅེས་བསྟན།
    ཐོན་ལོན་གྱིས་ལ་ཝོ་སིའི་ཕྱོགས་ནས་ལ་ཝོ་སི་དང་ཀྲུང་གོ་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་ངོ་55ལོན་པའི་གོ་སྐབས་དང་བསྟུན་ནས་དགེ་མཚན་ལྡན་པའི་སྒོ་ནས་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་དང་། རྨང་གཞིའི་སྒྲིག་བཀོད་དང་དངུལ་རྩ། ཞིང་ལས། གསར་སྤེལ་ཁུལ་གྱི་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཅེས་བསྟན།། 

  • ལེ་ཚན་སྔོན་མ།:མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་གསར་བར་དཔྱད་ཞིབ་བྱས།
  • ལེ་ཚན་རྗེས་མ།:2016ལོའི་ནོ་པེར་བྱ་དགའ་སྩོལ་བའི་མཛད་སྒོ་སི་ཐོག་ཁོར་མོ་གྲོང་ཁྱེར་དུ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།