ལིས་ཁི་ཆང་གིས་ཨུ་རུ་སིའི་ཙུང་ལི་མེས་ཏི་བེ་ཅེ་ཧྥུའུ་ལ་ཁ་པར་བཏང་།

    ཞིན་ཧྭ་གསར་འགྱུར་དྲ་བ།    2015-09-16

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར་ཨུ་རུ་སིའི་ཙུང་ཐུང་མེས་ཏི་བེ་ཅེ་ཧྥུའུ་ལ་ཁ་པར་བཏང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཉེ་ལམ་ཀྲུང་གོ་དང་ཨུ་རུ་རི་གཉིས་ཀྱི་མཐོ་རིམ་བར་གྱི་འཚམས་འདྲི་དང་ཐུག་འཕྲད་ཇེ་མང་དུ་སོང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་བར་གྱི་འབྲེལ་འདྲིས་དང་གཞོགས་འདེགས་ལ་ཤུགས་བསྣན་ཏེ། སྐོར་རྗེས་མའི་ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་ཙུང་ལིའི་དུས་བཅད་ཐུག་འཕྲད་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཙུང་ལིའི་གྲོས་ཚོགས་གོ་སྐབས་ཤིག་ཏུ་བརྩིས་ནས། མཉམ་དུ་ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་བཏང་སྟེ། མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་དུ་འགྱུར་བར་སྟོབས་ཤུགས་གསར་བ་འདོན་སྤྲོད་བྱེད་འདོད་ཡོད་ཟེར།

མེས་ཏི་བེ་ཅེ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་བཟང་ཞིང་། ངས་ད་ལོར་ཀྲུང་གོ་ནས་ཨུ་རུ་སི་དང་ཀྲུང་གོ་གཉིས་ཀྱི་ཙུང་ལིའི་དུས་བཅད་ཐུག་འཕྲད་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཙུང་ལིའི་གྲོས་ཚོགས་སུ་ཞུགས་པར་རེ་སྒུག་བྱས་ཡོད། ཨུ་རུ་སི་ཕྱོགས་ཀྱིས་དེའི་ཐད་ལ་གྲ་སྒྲིག་བཟང་བོ་བྱས་ནས། ཐུག་འཕྲད་དང་གྲོས་ཚོགས་ལ་གྲུབ་འབྲས་ཐོབ་པར་ཁག་ཐེག་བྱེད་ཀྱིན་ཡོད། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ཨུ་རུ་སི་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་བར་གྱི་མཉམ་ལས་ལ་གྲུབ་འབྲས་གསར་བ་ཐོབ་པར་ང་ལ་ཡིད་ཆེས་ཡོད་ཟེར། 

  • ལེ་ཚན་སྔོན་མ།:པདྨ་ཚེ་བརྟན་གྱི་གློག་བརྙན《ཐར་ལོ》ཝེ་ནཱ་སི་ནས་ཐོག་མའི་གཟིགས་འབུལ་ཞུས།
  • ལེ་ཚན་རྗེས་མ།:རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མོ་རི་ཐ་ནི་ཡའི་ཙུང་ཐུང་ཨ་ཆི་ཙི་དང་གྲོས་མོལ་མཛད།
  • དོ་སྣང་ཆེ་བའི་རྩོམ།